གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ལྷ་ ས་ གྲོང་ ཁྱེར་ དམིགས་ བསལ་ སློབ་ གྲྭ་ གནས་ སྤོ་ བྱས་ པ།
 
2016-05-16  གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    སྤྱི་ཟླ་5པའི་ཚེས་15ཉིན་ཁྱིམ་བདག་དང་དགེ་རྒན་གྱི་རོགས་རམ་འོག་ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་མིག་སྐྱོར་ཤོར་བའི་སློབ་མ་སློབ་ཁུལ་གསར་པའི་ནང་སྤོ་བ།

    དེ་ཉིན་ནི་སྐབས་26པའི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོ་ཡིན་ཞིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ངང་སློབ་ཁུལ་གསར་པར་གནས་སྤོས་བྱས་ཤིང་། ངོ་སྤྲོད་བྱས་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་ནི་2000ལོར་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། བོད་ལྗོངས་ཀྱི་དམིགས་བསལ་བྱིས་པར་དམིགས་ནས་བཙུགས་པའི་སློབ་གསོའི་སྡེ་ཚན་ཐོག་མ་དེ་ཡིན་ཞིང་། སློབ་གྲྭ་དེར་ལོ་དགུའི་འགན་འབབ་སློབ་གསོ་དང་ལས་རིགས་སློབ་འབྲིང་ཁག་གཉིས་ལྡན་ཡོད། 2015ལོར་མིག་སྐྱོན་ཤོར་བའི་འཛིན་གྲྭ་དང་འོན་ལྐུག་འཛིན་གྲྭའི་རྨང་གཞིའི་ཐོག་རིག་སྟོབས་གསོ་སྐྱོང་འཛིན་གྲྭ་འང་གསར་འཛུགས་བྱས་པས་ཕྱོགས་བསྡུས་རང་བཞིན་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་ཞིག་ཏུ་གྲུབ་ཡོད། མིག་སྔར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ་66ཡོད་པ་དང་དབང་པོ་སྐྱོན་ཅན་གྱི་སློབ་མ་180ལྷག་ཙམ་དེ་གར་སློབ་གསོ་མྱོང་བཞིན་ཡོད།

   1 2 3   

མཛའ་འབྲེལ་དྲ་བ།
010020070840000000000000011100001353623981