གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། འཛམ་ གླིང་ གི་ ཁོར་ ཡུག་ སྲུང་ སྐྱོང་ ཉིན་ མོར་ དང་ བླངས་ པས་ ལྷ་ ས་ གྲོང་ ཁྱེར་ དུ་ བྱེད་ སྒོ་ སྤེལ་ བ།
 
2016-06-07  གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

   

ལྷ་ཀླུ་འདམ་ར་ཁུལ་དུ་གད་སྙིགས་གཙང་འཕྱག་བྱེད་པ།

    ཟླ་6ཚེས་5ཉིན་ནི་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོང་ཉིན་མོ་ཡིན་པས། བོད་ལྗོངས་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་ལས་བྱེད་པ་དང་ལས་བཟོ་པ་དང་། ལྷ་ཀླུ་འདམ་ར་སྡེ་ཁུལ་གྲོང་མིའི་ཨུ་ལྷན་གྱི་གཉིས་ལྡན་དུད་སྦྲེལ་གྱི་འཐུས་མི། ནུབ་རྒྱུད་འཆར་འགོད་ཀྱི་དང་བླངས་པ། ཤམ་བྷ་ལ་གསོལ་མགྲོན་ཁང་གི་ལས་བཟོ་པ་སོགས་ཀྱི་མི་100ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཉེ་འཁོར་དུ་གད་སྙིགས་གཙང་འཕྱག་སོགས་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་སྤེལ་བ་རེད།

    ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3600ཡོད་ལ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་12.64ཡོད་པས། ཀྲུང་གོའི་རྒྱ་མཚོའི་ངོས་ལས་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་པས། "ལྷ་ས་གྲོང་ཁྱེར་གྱི་གློ་བ་"ལྟ་བུ་ཡིན་པའི་མཚན་སྙན་ཐོབ་ཡོད། 1999ལོར་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་ནས་བཟུང་། འདམ་ར་ཁྱོན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ནུས་ལྡན་བྱས་ཡོད་པས། མིག་སྔར་དེའི་རྒྱ་ཁྱོན་ཡང་ཇེ་ཆེར་ཕྱིན་པ་རེད།

   1 2 3   

མཛའ་འབྲེལ་དྲ་བ།
010020070840000000000000011100001354187871