གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཐང་ སྟེང་ གྲོང་ ཚོའི་ ཏང་ ཡོན་ མི་ རབས་ གསུམ་ གྱིས་ ལོ་ རྒྱུས་ བཤད་ ནས་ འཕོ་ འགྱུར་ གླེང་ བ།
 
2016-07-07  གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

 

    ནད་གཞིས་རྐྱེན་པས་ཉལ་ཁྲིར་ལུས་པའི་ལོ་84ལ་སླེབས་པའི་རྒན་མོ་འཛོམས་པས་མིག་ལ་ཆུ་ཞག་འཁོར་བཞིན“ངས་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད”ཅེས་བཤད།

    འཛོམས་པའི་ཁྱིམ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་བོན་རི་དང་ཉེ་བའི་ལྡེབས་མ་ཞོལ་གྱི་ཐང་སྟེང་བྱ་བར་ཡོད། དེར་དུད་ཚང་57དང་མི་243ཡོད་པ་ཕལ་མོ་ཆེ་བོད་རིགས་ཡིན། བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་དེ་གར་ས་སྟོང་ཡིན་པ་དང་འཛོམས་པའི་ཁྱིམ་ཡང་སྔོན་ཆད་གཉའ་གནོན་མྱངས་མྱོང་བའི་ཞིང་བྲན་ཡིན།

    “བོད་ལ་བཅིངས་འགྲོལ་བཏང་བས་ང་ཚོ་ཞིང་བྲན་གཞི་ནས་ཡར་ལངས་བྱུང་སོང”ཞེས་དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་སྐབས་མའོ་ཀྲུའུ་ཞི་ཐེངས་གཉིས་མཇལ་མྱོང་བ་དང་རྗེས་སུ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པའི་ཡར་ལངས་ཞིང་བྲན་གྱི་འཐུས་མི་འཛོམས་པས་དེ་ལྟར་བཤད།

    བོད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་འབྱོར་ཕྱུག་བར་འཕེལ་རྒྱས་ཕྱིན་པའི་བརྒྱུད་རིམ་དངོས་བརྒྱུད་མྱོང་བར་བརྟེན། རྒན་མོ་འཛོམས་པ་གྲོང་ཚོའི་ཏང་ཀྲི་པུའི་ཚན་ཁག་གསར་པ་བརྗེ་རིམ་བཞིན་གྲོང་ཚོའི་དོན་ཆེན་སྐོར་ལ་གྲོས་འགོ་འདོན་པར་གདན་འདྲེན་ཞུ་གི་ཡོད། ཁོང་གིས་རང་ཉིད་ཀྱིས་དངོས་སུ་མཐོང་བའི་བོད་ཀྱི་འཕེལ་རྒྱས་ཏང་ཡོན་མི་རེ་ངོ་རེར་བཤད་དེ་ཚན་ཁག་གསར་པའི་ལས་ཀའི་སེམས་ཤུགས་འཕེལ་བ་བྱེད་ཀྱི་ཡོད།

    དུས་རབས་ཕྱེད་ཙམ་འདས་པ་དང་འཛོམས་པ་ཡང་བུ་མོ་ཆུང་ཆུང་ཞིག་ནས་རྒན་མོར་གྱུར།

    ད་ཆ་ཐང་སྟེང་གྲོང་ཚོ་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་མཚོན་བྱེད་དུ་གྱུར་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། 2013ལོར“རྒྱལ་ཡོངས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར”གྱུར་པ་དང་། 2015ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་14380ཟིན་ཡོད།

    “ད་ཆ་ང་ཚོའི་གྲོང་ཚོའི་ཐེམ་དུད་ཚང་མས་བརྙན་འཕྲིན་ལྟ་ཐུབ་པ་མ་ཟད། དྲ་རྒྱ་ཡོད་ལ་སྔར་གྱི་ཞིང་ལས་ཡོ་བྱད་རྙིང་པ་མི་སྤྱོད་པར་འདྲུད་འཐེན་འཕྲུལ་འཁོར་གྱིས་ཞིང་ཁ་འདེབས་ཀྱི་ཡོད”ཞེས་རྒྱལ་དར་གཡོ་བའི་གྲོང་ལྷན་གྱི་ཐང་ཆེན་དུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བ་ཕུན་ཚོགས་ཀྱིས་འཛུམ་དམུལ་དམུལ་ངང་བཤད།

    “ཏང་གིས་ང་ལ་ཁྲིད་སྟོན་གནང་བ་དང་། ངས་ཡུལ་མིའི་སྣེ་ཁྲིད་དེ་མཉམ་དུ་ལས་ཀ་བྱས་པས་ད་ཆ་ཡུལ་མིའི་འཚོ་བ་བདེ་ཞིང་སྐྱིད་པ་བྱུང་ཡོད”ཅེས་ལུས་ལ་ཀོང་ཆས་སྤྲས་ཤིང་བྲང་ཁར་ཏང་གི་རྟགས་མ་བཏགས་པའི་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་དེས་དེ་ལྟར་བརྗོད།

    ཆུ་འགོ་གངས་ནས་བཞུར་བ་བཞིན་བདེ་སྐྱིད་ཀྱི་འཚོ་བ་ལའང་འབྱུང་སའི་ཁུངས་ཤིག་ཡོད། “ང་ཚོ་ན་གཞོན་ཚོ་རྟག་ཏུ་བོད་རྒྱ་ཡིག་རིགས་ཉིས་ལྡན་གྱི་ལོ་རྒྱུས་རིག་དངོས་འགྲེམས་སྟོན་ཁང་ལ་གནའ་དེང་བསྡུར་བར་ལྟ་བར་ཡོང་གི་ཡོད། དེ་ལྟར་བྱེད་པ་ནི་འཚོ་བ་ཉིན་བཞིན་སྐྱིད་དུ་འགྲོ་བ་ཏང་གི་སྲིད་ཇུས་བཟང་པོ་དང་བྱ་ཐབས་ཡག་པོ་ལས་བྱུང་བ་ཤེས་པའི་ཆེད་དུ་ཡིན”ཞེས་གྲོང་ཚོས་བརྒྱབ་པའི་བོད་རྒྱ་ཡིག་རིགས་ཉིས་ལྡན་གྱི་ལོ་རྒྱུས་རིག་དངོས་འགྲེམས་སྟོན་ཁང་དུ་ཐང་སྟེང་གྲོང་ཚོར་བཅའ་སྡོད་གྲོང་རྡལ་སྲིད་གཞུང་གི་ལས་དོན་རུ་ཁག་གི་རུ་དཔོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཕུན་ཚོགས་སྒྲོལ་མས་རྒྱ་སྐད་ཐོག་ནས་དེ་ལྟར་བཤད།

    ད་ཆ་ཐང་སྟེང་གྲོང་ཚོར་བོད་རིགས་ཏང་ཡོན་27ཡོད་པ་དང་། གྲོང་དོན་དང་ཏང་དོན་ཚང་མ་ཐོ་རུ་བཀོད་ནས་ཁྱབ་བསྒྲགས་བྱེད་པས། མི་སུ་ཡིན་རུང་གྲོང་ཚོའི་ཏང་ཀྲི་པུའི་ཚོགས་འདུ་འཚོག་ཡུལ་ལ་ལྟ་བར་ཡོང་ཆོག དུད་ཚང་ཚང་མར་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས“་གསལ་ཤེས་གཱ”རེ་ཡོད་པས། དེའི་ནང་གཟིགས་སྐྱོང་སྲིད་ཇུས་ཀྱི་རྣམ་གྲངས་90ལྷག་ཙམ་འཁོད་ཡོད།

    “ང་ཚོས་ཏང་ཀྲི་པུའུ་བརྒྱུད་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་དང་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཧུར་སེམས་སྐོང་གང་ཐུབ་བྱས་ཡོད”ཅེས་བོད་ལྗོངས་ཞིང་འབྲོག་སློབ་གླིང་ནས་ཐོན་ཏེ་མི་རིང་བར་ཐང་སྟེང་གྲོང་ཚོར་སློབ་ཆེན་ཐོན་པའི་གྲོང་དཔོན་བྱེད་པར་ཡོང་བའི་ཟླ་བ་ཕུན་ཚོགས་ཀྱིས་དེ་ལྟར་བཤད།

    ཁོང་གིས་ཉེ་བའི་ལོ་ཤས་ནང་ཐང་སྟེང་གྲོང་ཚོའི་ཏང་ཀྲི་པུས“སྐར་ལྔའི་ཏང་ཡོན”དང“སྐར་བཅུའི་ཞིང་དུད”དཔྱད་འདེམས་བྱེད་རིང་ཡོངས་བསྒྲགས་ངང་འདེམས་པ་དང་བབ་བསྟུན་གྱིས་ལེགས་སྒྲིག་བྱས་སྟབས། ད་ཆ་གྲོང་ཚོ་དེ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་རྣམས་ཀྱིས“སྐར་མ་གཉིས་ལྡན”གཟི་བརྗིད་ལ་བརྩི་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

    “སྐར་མ་གཉིས་ལྡན”དཔྱད་འདེམས་བྱེད་པར་ཚད་གཞི་གསུམ་ཡོད་པ་སྟེ། ཏང་ཡོན་དང་མང་ཚོགས་ལ་སྔོན་ཐོན་གྱི་ཁྱད་ཆོས་ལྡན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་ཡོད་པ། གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ཡོད་པ་བཅས་ཡིན། མདོར་ན། བྱེད་སྟངས་ཡོད་དོ་ཅོག་དམིགས་ཡུལ་གཅིག་ལ་བབས་པ་སྟེ། འཚོ་བ་སྔར་བས་བདེ་སྐྱིད་ལྡན་པའི་ལམ་བུར་བསྐྱོད་དེ་ཁྱིམ་ཚང་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱ་རྒྱུ་དེ་ཡིན་པ་རེད།

    2016ལོའི་ཟླ་7ཚེས་1ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཐང་སྟེང་གྲོང་ཚོའི་ཏང་ཀྲི་པུའུ་ལ“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཞེས་པའི་མཚན་སྙན་ཐོབ་པ་དང་འབྲེལ་ཏང་ཀྲུང་དབྱང་གིས་གཟེངས་བསྟོད་ཀྱང་གནང་བ་མ་ཟད། ཟླ་བ་ཕུན་ཚོགས་ཐང་སྟེང་གྲོང་ཚོ་ཏང་ཀྲི་པུའི་འཐུས་མིའི་མིང་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་པའི་སྐལ་བའང་ཐོབ་ཡོད།

    ས་ཐག་སྤྱི་ལེ་4000ལྷག་ཙམ་གྱིས་ཆོད་པའི་ཐང་སྟེང་གྲོང་ཚོར་དེ་གའི་ཏང་ཡོན་དང་ཡུལ་མི་ཚོས་ཚོགས་ཆེན་གྱི་ཐད་གཏོང་ལེ་ཚན་བལྟས་རྗེས་དགའ་བས་མྱོས།

    “ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་སེམས་ལ་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་དང་གཟེངས་རྟགས་ལས་གཟི་བྱིན་འཕྲོ་བར་བགྱིས་ནས་ཏང་དར་སྔར་བས་བཀྲག་མདངས་ལྡན་པ་བྱ་རྒྱུ་ཡིན”ཞེས་ཟླ་བ་ཕུན་ཚོགས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

 

 

མཛའ་འབྲེལ་དྲ་བ།
010020070840000000000000011100001354953341