གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། 2016•ཀྲུང་ གོའི་ བོད་ ལྗོངས་ འཕེལ་ རྒྱས་ གླེང་ སྟེགས་ ལྷ་ སར་ གྲོལ་ བ།
 
2016-07-11  གསར་འགྱུར་འབྱུང་ཁུངས། མི་དམངས་དྲ་བ།  འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    དུས་ཡུན་ཉིན་གཉིས་ཡིན་པའི“2016•ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”དེ་ཚེས་8ཉིན་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་གྲོལ་ཞིང་། རྒྱལ་ཁབ་དང་ས་ཁུལ་30ཙམ་ནས་ཡོང་བའི་འཐུས་མི་130ཙམ་གླེང་སྟེགས་ནང་ཞུགས་པ་དང་། ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་དང་ཚོགས་ཆུང་གྲོས་བསྡུར་བྱས་པ་བརྒྱུད། མཐར་《2016•ལྷ་སའི་ཐུན་མོང་ངོས་འཛིན་》བྱུང་བ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེས་མཇུག་འགྲིལ་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས་ཚོགས་འདུར་ཞུགས་མཁན་འཐུས་མི་ཚོས་རང་ཉིད་ཀྱི་ཆེད་ལས་ཀྱི་རྒྱབ་ལྗོངས་དང་ཟུང་འབྲེལ་གནང་སྟེ་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས། བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས། ཕྱི་ཕྱོགས་སྤེལ་རེས་སོགས་ཁྱབ་ཁོངས་མང་པོར་དམིགས་ནས་དགེ་མཚན་ལྡན་པའི་བསམ་འཆར་མང་པོ་བཏོན་ཡོད་ཅེས་གསུངས་པ་རེད།

    གླེང་སྟེགས་ཀྱི་མཇུག་སྒྲིལ་མཛད་སྒོའི་ཐོག་ཨ་ཀེན་ཐིན་རྒྱལ་སྤྱིའི་འབྲེལ་བའི་ལས་འཛིན་ལྷན་ཚོགས་ཁོངས་གཏོགས་ཀྱི་ཀྲུང་གོའི་ལས་གཉེར་ཚོགས་ཆུང་གི་འགན་ཁུར་བ་སྨི་ཀེར•་ པེ་ལུའེ་སོ་ཡིས་ཚོགས་ཞུགས་འཐུས་མི་ཚོའི་ཚབ་ཞུས་ནས་《2016•ལྷ་སའི་ཐུན་མོང་ངོས་འཛིན་》སྒྲོག་སྦྱངས་གནང་བ་རེད།

    ད་ཐེངས་ཀྱི་གླེང་སྟེགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བ་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་འགན་འཁུར་ཞིང་། ཚོགས་ཞུགས་འཐུས་མི་ཚོས“བོད་ལྗོངས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་བརྗོད་དོན་གཙོ་བོར་བྱས་ནས“གསར་གཏོད་འཕེལ་རྒྱས། གོ་སྐབས་དང་གདམ་ག”དང“མཐུན་སྦྱོར་འཕེལ་རྒྱས། སྲོལ་རྒྱུན་དང་དེང་རབས་སྦྲེལ་མཐུད”“ལྗང་མདོག་འཕེལ་རྒྱས། མི་མངོན་པའི་སྟོབས་ཤུགས་དང་ལེགས་ཆ་འདོན་སྤེལ”“སྒོ་དབྱེ་འཕེལ་རྒྱས། རྒྱུད་གཅིག་ལམ་གཅིག་གི་ཕུགས་འདུན་གསར་པ”“མཉམ་སྤྱོད་འཕེལ་རྒྱས། གནད་སྨིན་དབུལ་སྐྱོར་དང་དམངས་འཚོ་ལེགས་གཏོང”སོགས་གྲོས་གཞིར་དམིགས་ནས་གྲོས་བསྡུར་དང་སྤེལ་རེས་བྱས་པ་རེད། དེ་ནི་2014ལོའི་རྗེས་བོད་དུ་གཉེར་བའི་གླེང་སྟེགས་ཐེངས་གཉིས་པ་དེ་ཡིན་པ་རེད།

 

མཛའ་འབྲེལ་དྲ་བ།
010020070840000000000000011100001355047031