བོད་ལྗོངས།
༄༅།།རྒྱལ་ལམ་318པའི་རྒྱུད་དུ་ས་རྡོ་ཉིལ་བའི་གནོད་འཚེ་བྱུང་བས་བགྲོད་ལམ་འགགས་པ།

    ཟླ་7ཚེས་10ཉིན་གྱི་སྔ་དྲོར་དྲག་ཆར་བབ་པའི་ཤུགས་རྐྱེན་ཐེབས་པར་བརྟེན་ཁྲོན་བོད་གཞུང་ལམ་གྱི་བོད་ལྗོངས་ཆབ་མདོ་སྨར་ཁམས་རྫོང་ཁོངས་ཀྱི་རོང་མེ་གྲོང་རྡལ་དང་བར་ཐག་སྤྱི་ལེ་28ཡོད་པའི་ལམ་མཚམས་སུ་ས་རྡོ་ཉིལ་བའི་གནོད་འཚེ་བྱུང་བས། གཞུང་ལམ་འགགས་ནས་རླངས་འཁོར་100ལྷག་དང་འགྲོ་འོང་བྱེད་མཁན་གྱི་མང་ཚོགས་200ལྷག་གནས་འདིར་ལུས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ས་རྡོ་ཉིལ་ཚད་ནི་ཧ་ལམ་ས་རྒྱ་དཔངས་གྲུ་བཞི་1080ཡོད་པ་དང་བྲག་རྡོ་ཧྲིལ་པོ་ཆེན་པོ་ཡིན་པས་རྡོ་འཕུལ་ལམ་གཤོང་བྱེད་དཀའ་བ་རེད། ལམ་རྒྱུད་ཀྱི་མཐོ་སྣོན་གློག་སྐུད་ཀྱང་ས་རྡོ་ཡིས་མནན་ནས་ཆད་འདུག་པས་ལམ་གཤོང་བར་དཀའ་ངལ་ཆེན་པོ་བཟོས་ཡོད་པ་རེད། མིག་སྔར་ཉེན་རྟོག་དྲག་དཔུང་འགྲིམ་འགྲུལ་ཉེན་རྟོག་གི་ཡན་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོས་ལྡུག་འཁོར་དང་། རྐོ་འདྲུའི་འཕྲུལ་འཁོར། རང་འབེབས་འཕྲུལ་འཁོར་སོགས་བཏང་ནས་ཡུལ་དངོས་སུ་བསྐྱོད་ཡོད། ཆུ་ཚོད་12ཀྱི་བར་དུ་བགྲོད་ལམ་ད་རུང་ཤར་གཏོང་བྱེད་ཐུབ་མེད་པ་རེད།

   1 2 下一页  

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001355047111