བོད་ལྗོངས།
༄༅།།ཐང་ག་ཆེན་མོ་བཞེངས་ཚུལ།

    འདི་ལོའི་ལོ་འགོར་བོད་ལྗོངས་ཀྱི་ལྷ་རིས་པ་མཁས་ཅན་དང་བོད་ལྗོངས་སློབ་ཆེན་གྱི་གདན་ཞུས་འཆད་ཁྲིད་དགེ་རྒན་ཉི་མ་ལགས་ཀྱིས་རྒྱ་ནག་རི་བོ་རྩེ་ལྔའི་དགོན་པ་ག་གེ་མོ་ཞིག་གི་མངགས་བཅོལ་ལྟར། མཐོ་ཚད་ལ་སྨི་3.1དང་རིང་ཚད་ལ་སྨི་3ཡོད་པའི་དགྲ་བཅོམ་པ་ལྔ་བརྒྱའི་ཐང་ག་20བཞེང་རྒྱུ་དང་ལེན་གནང་བ་རེད།

    མངགས་བཅོལ་དང་ལེན་གནང་རྗེས། དགེ་རྒན་ཉི་མ་ལགས་དང་བོད་ལྗོངས་སློབ་ཆེན་དུ་ཡོད་པའི་ཁོང་གི་སློབ་མ་ཁྱོན་བསྡོམས་མི་20ལྷག་གིས་ར་སྐོར་ཡོད་པའི་དམངས་སྤྱོད་སྡོད་ཁང་ཞིག་གླས་ཏེ་ལས་དུས་འཕར་སྣོན་གྱིས་ཐང་ག་བཞེངས་པའི་ལས་ལ་གཞོལ་བ་རེད། མིག་སྔར་ཐང་ག་ཆེན་མོ་འདིའི་ནང་གི་ཐང་ག་6བཞེངས་སྐྲུན་གྲུབ་པ་རེད།

   1 2 3 4 下一页  

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001355379031