བོད་ལྗོངས།
༄༅།།ཡུས་ཀྲེང་ཧྲེང་གིས་བོད་ལྗོངས་ཆབ་མདོར་རྟོག་ཞིབ་གནང་བ།
 

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཉེ་དུས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པ། ཏང་གི་བོད་སྐྱོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་དམིགས་ས་དང་ཤུགས་སྣོན་རྒྱག་སར་བརྩིས་ཏེ། གོང་འཕེལ་མགྱོགས་སུ་གཏོང་བ་དང་དམངས་ཀྱི་འཚོ་བ་ལེགས་བཅོས་ཏན་ཏིག་བྱེད་པ། ཆོས་ལུགས་ཞི་འཇམ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཏོན་གནང་ཡོད།

    སྤྱི་ཚེས་༡༢ཉིན་ནས་༡༣ཉིན་བར། ཡུས་ཀྲེང་ཧྲེང་བོད་ལྗོངས་ཆབ་མདོར་ཕེབས་ཏེ། ཁེ་ལས་དང་། སྨན་ཁང་། གྲོང་གསེབ། བོད་བརྒྱུད་ནང་བསྟན་གྱི་དགོན་པ་བཅས་ལ་ཟབ་ཞུགས་གནང་བ་དང་། ས་གནས་དེ་གའི་གོང་འཕེལ་བརྟན་ལྷིང་གནས་ཚུལ་རྟོག་ཞིབ་གནང་ཡོད།

    རྟོག་ཞིབ་གནང་རིང་། ཡུས་ཀྲེང་ཧྲེང་གིས་ད་དུང་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སེང་གསན་གནང་ཡོད། ཡུས་ཀྲེང་ཧྲེང་གིས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་མཐོང་ཆེན་པོ་གནང་ཡོད།

    ཁོང་བྱམས་པ་གླིང་དགོན་དུ་ཕེབས་ཏེ་ཆོས་ལུགས་ལས་རིགས་མི་སྣར་མཛའ་བརྩེ་ཐུགས་སྣང་གཤིན་པོས་གཟིགས་གནང་བ་དང་། རིག་དངོས་སྲུང་སྐྱོབ་དང་དེ་བཞིན་དགོན་པའི་དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་བྱས་པའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད།

    ཁོང་ཚོས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་དང་། དད་ལྡན་མང་ཚོགས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་ཁྲིད་སྟོན། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་སྲུང་སྐྱོང་བྱེད་དགོས་པའི་སྐུལ་ལྕག་གནང་བ་དང་། ཡུས་ཀྲེང་ཧྲེང་གིས། དགོན་པའི་དོ་དམ་ཐད་ཕུགས་ཕན་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁྲིམས་ལྟར་དོ་དམ་དང་། དམངས་གཙོ་དོ་དམ། སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཟུང་འབྲེལ་བྱེད་པ། མངའ་ཁོངས་ཕྱིའི་སྟོབས་ཤུགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་ཐེབས་རྒྱུ་མཐའ་གཅིག་ཏུ་འགོག་པ། ཁྲིམས་ལྟར་དགོན་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། དད་ལྡན་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཆོས་ལུགས་འཚོ་བར་འགན་སྲུང་བྱེད་དགོས། ཆོས་ལུགས་ཚོགས་པས་རང་ངོས་འཛུགས་སྐྱོང་དང་ཤེས་ལྡན་མི་སྣའི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་བརྟེན་ནས་ཆོས་ཁྲིམས་དང་ཆོས་ཀྱི་དགོངས་པར་འགྲེལ་བཤད་བྱ་རྒྱུར་ཁྲིད་སྟོན་བྱེད་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

   1 2 3 下一页  

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001355993811