བོད་ལྗོངས།
༄༅།།བོད་ཀྱིས་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་སྐབས་གཉེར་བ།

    སྤྱི་ཚེས་20ཉིན། བོད་ལྗོངས་ལྷོ་ཁ་གོང་དཀར་རྫོང་ནས་ཡིན་པའི་དབང་པོ་སྐྱོན་ཅན་མིག་དམར་ཆོས་འཛོམས(མདུན)གདན་ཞུའི་ཚོགས་འདུར་ཞུགས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་20ཉིན། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་གཙོ་གཉེར་བྱས་པའི་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་དོ་དམ་ཞབས་ཞུའི་ལྟེ་གནས་སུ་གཉེར་བ་དང་། མི་སྤྱོད་ཚན་པ་130ལྷག་ཙམ་གྱིས་ལས་གནས་1000ལྷག་ཙམ་མཁོ་འདོན་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001358524071