བོད་ལྗོངས།
༄༅།།མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུའི་ནུས་པ་རྒྱ་བསྐྱེད་སྒྱུར་བཀོད་ལས་གྲྭ་འགོ་ཚུགས་པ།

    ཉེ་དུས་གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པའི་ཚོགས་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུའི་ནུས་པ་རྒྱ་བསྐྱེད་སྒྱུར་བཀོད་ལས་གྲྭ་དེ་ཕྱོགས་ཡོངས་ནས་བསྐྲུན་པའི་དུས་མཚམས་སུ་སླེབས་ཡོད། ད་ཐེངས་ནུས་པ་རྒྱ་བསྐྱེད་སྒྱུར་བཀོད་བྱེད་རིང་ཁྱོན་བབས་ཚུགས་13གསར་དུ་འཛུགས་རྒྱུ་མ་ཟད། ནུས་པ་རྒྱ་བསྐྱེད་སྒྱུར་བཀོད་བྱས་རྗེས་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ནུས་ལྡན་ཐུབ་ནས་ལྟེ་བའི་གྲོང་ཁྱེར་གནས་ལྷ་སའི་ཁྱབ་འགྱེད་ནུས་པའང་སྔར་བས་ཆེ་རུ་འགྲོ་རྒྱུ་ཡིན་ཞིང་། འདི་ནི་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པའི་ལས་དོན་པས་དུས་ཚོད་དམ་འཛིན་གྱིས་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366233861