བོད་ལྗོངས།
༄༅།།སྤྱི་ལོ་2017ལོའི་དྲ་བའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

    སྤྱི་ཟླ་9པའི་ཚེས་18ཉིན་གྱི་སྔ་དྲོ། སྤྱི་ལོ་2017ལོའི་སྐབས་བཞི་པའི་རྒྱལ་ཁབ་དྲ་བའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ“དྲ་བའི་བདེ་འཇགས་དམངས་ལ་ཕན། དྲ་བའི་བདེ་འཇགས་དམངས་ལ་བརྟེན”ཞེས་པའི་བོད་ལྗོངས་ཀྱི་དྲ་བའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་ལྗོངས་ཐད་གཏོགས་ཚན་པ་9དང་ཚོང་ལས་དངུལ་ཁང་10རྒྱལ་ནང་གི་གྲགས་ཅན་དྲ་བའི་བདེ་འཇགས་ཁེ་ལས་13བཅས་སྒྲིག་འཛུགས་བྱས་ནས་སྤེལ་བ་ཞིག་རེད།

    འདི་ནི་ལྷ་ས་གྲོང་ཁྱེར་དྲ་འཕྲིན་གཞུང་ལས་ཁང་གི་དྲིལ་བསྒྲགས་འགྲེམས་ཡིག

    ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་དྲ་བའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་དེ་སྤྱི་ཟླ་9་པའི་ཚེས་16ཉིན་ནས་ཚེས་24ཉིན་བར་རྒྱལ་ཡོངས་སུ་གཅིག་གྱུར་ངང་སྤེལ་རྒྱུ་ཡིན་པ་དང་། བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་མི་དམངས་ཀྱི་ཆེད་དུ་དྲ་བའི་བདེ་འཇགས་སྲུང་། དྲ་བའི་བདེ་འཇགས་མི་དམངས་ལ་བརྟེན་ཞེས་པ་ཡིན།

   མང་ཚོགས་ལ་དྲ་བའི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366236041