བོད་ལྗོངས།
༄༅།།བརྔ་བསྡུ་འཕྲུལ་འཁོར་སྤྲད་ནས་སྟོན་བསྡུར་སྟབས་བདེ་བསྐྲུན།

    གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གམ་རུ་ཤང་སྤེ་སྐྱ་གྲོང་ཚོ་དེ་ཉིད་ས་ཁྱོན་ཆུང་ལ། རྨོ་ཞིང་མང་ཆེ་བ་འཕྲུལ་འདེབས་དང་འཕྲུལ་བསྡུར་མི་འཚམ་པས་སྟོན་བསྡུའི་ལས་ཕྱོད་ཆེ་རུ་བཏང་སྟེ་སྟོན་བསྡུའི་གྲུབ་འབྲས་འགན་ལེན་བྱ་ཕྱིར། ཉེ་ཆར། སྤེ་སྐྱ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་ལས་དོན་རུ་ཁག་གིས་གྲོང་ཚོ་དེའི་གྲོང་ཚོ་ཨུ་ལྷན་དུ་རྒྱབ་ཁུར་ནུས་མང་བརྔ་བསྡུ་འཕྲུལ་འཁོར་སྤྲོད་པའི་མཛད་སྒོ་འཚོགས་པ་དང་། ཁྱོན་བསྡོམས་རྒྱབ་ཁུར་ནུས་མང་བརྔ་བསྡུ་འཕྲུལ་འཁོར་ཆ་ཚང་85སྤྲད་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366449451