བོད་ལྗོངས།
༄༅།།ས་བབ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3658གྱི་ས་སྟེང་དུ་རྐང་རྩེད་སྤོ་ལོར་རོལ་བའི་ཚོར་སྣང་།

    འདི་ནི་ལྷ་ས་གྲོང་ཁྱེར་མ་འཇོག་རུ་ཁག་དང་ཙེ་པོའོ་གཟའ་ཉི་མ་རུ་ཁག་གཉིས་འགྲན་རའི་ནང་འཛུལ་བའི་རྣམ་པ་ཡིན།(ཟླ་9ཚེས་24ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    སྤྱི་ཚེས་24ཉིན་གྱི་ཕྱི་དྲོ། 2017ལོའི་ཀྲུང་གོའི་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་ལས་ཞོར་རིམ་མཚུངས་མཉམ་འགྲན་མཐའ་བསྡུར་གྱི་བཞི་ཆ་གཅིག་གི་འགྲན་ཐེངས་དང་པོའི་ནང་ལྷ་ས་གྲོང་ཁྱེར་མ་འཇོག་རུ་ཁག་གིས་ལྷ་སར་བསྡུར་གྲངས་0∶0ཐོག་ནས་ཙེ་པོའོ་གཟའ་ཉི་མ་རུ་ཁག་དང་བསྡུར་གྲངས་མཉམ་ཡོད།

    དེ་ནི་ཨེ་ཤེ་ཡའི་ས་བབ་མཐོ་ཤོས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་ཁུལ་གཙོ་བོས་གཉེར་བའི་ཐེངས་གཉིས་པའི་རྒྱལ་ཡོངས་རང་བཞིན་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ཡིན་ལ་ད་ཆའི་བར་བོད་ལྗོངས་སུ་གཉེར་བའི་གཞི་ཁྱོན་ཆེ་ཤོས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ཀྱང་ཡིན་པ་རེད།

    ཟླ་9ཚེས་24ཉིན། ཙེ་པོའོ་གཟའ་ཉི་མ་རུ་ཁག་གི་རུ་མིས་འགྲན་བསྡུར་གྱི་བར་གསེང་དུ་དུས་ཚོད་དམ་འཛིན་བྱས་ནས་གསོ་རླུང་རྔུབ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཟླ་9ཚེས་24ཉིན། ལྷ་ས་གྲོང་ཁྱེར་མ་འཇོག་རུ་ཁག་གི་རུ་མི་ལེའུ་དེང(གཡོན)གིས་ཙེ་པོའོ་གཟའ་ཉི་མ་རུ་ཁག་གི་རུ་མིའི་འབྲད་རྡར་ལས་གཡོལ་བ།ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཟླ་9ཚེས་24ཉིན། ཙེ་པོའོ་གཟའ་ཉི་མ་རུ་ཁག་གི་རུ་མི་ཁྲེང་པོས(དཀྱིལ)ལྷ་ས་གྲོང་ཁྱེར་མ་འཇོག་རུ་ཁག་གི་རུ་མིའི་དཀྱིལ་དུ་སྤོ་ལོ་འཁྲིད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཟླ་9ཚེས་24ཉིན། ཕྱོགས་གཉིས་པོའི་རུ་མིས་འགྲན་བསྡུར་ནང་སྤོ་ལོ་འཕྲོག་རེས་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཟླ་9ཚེས་24ཉིན། ཙེ་པོའོ་གཟའ་ཉི་མ་རུ་ཁག་གི་རུ་མི་ཡོན་པོས(གཡོན)ལྷ་ས་གྲོང་ཁྱེར་མ་འཇོག་རུ་ཁག་གི་རུ་མིའི་སྤོ་ལོ་འགོག་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    འདི་ནི་ལྷ་ས་གྲོང་ཁྱེར་མ་འཇོག་རུ་ཁག་གི་རུ་མི་ཧྥེ་ཏ(གཡས)དང་ཙེ་པོའོ་གཟའ་ཉི་མ་རུ་ཁག་གི་རུ་མི་ཁྲེང་པོས་མགོ་བོས་སྤོ་ལོར་ཞུ་རྩིས་བྱེད་པ། (ཟླ་9ཚེས་24ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    འདི་ནི་ཙེ་པོའོ་གཟའ་ཉི་མ་རུ་ཁག་གི་རུ་མིས་ངལ་གསོའི་དུས་ཚོད་སྤྱད་ནས་གསོ་རླུང་རྔུབ་བཞིན་པ།(ཟླ་9ཚེས་24ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366451371