བོད་ལྗོངས།
༄༅།།འབྱོར་འབྲིང་ལམ་བུའི་ཐོག་རྗེས་སུ་མི་ལུས་པ། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་མདུན་མར་ལྟ་ཞིབ་བྱེད་པ།

    བོད་ལྗོངས་མེ་ཏོག་རྫོང་འབྲས་སྤུངས་ཤང་འབྲས་སྤུངས་གྲོང་ཚོའི་གྲོང་མི་ཚོས་ཇ་འཐུ་བཞིན་པ། (སྤྱི་ཟླ་3ཚེས་31ཉིན་པར་བླངས།)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥིང་གིས་པར་བླངས།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ནང་ཚུན་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་བསྡུས་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ཁག་ས་ཁུལ་གཅིག་པུ་ཡིན་པའི་ཆ་ནས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དོན་ཆེན་ཐོག་མ་དང་དམངས་འཚོའི་ལས་གྲྭ་དང་པོར་བཟུང་ནས། གནད་ལ་འཕིགས་པའི་སྒོ་ནས་སྲིད་ཇུས་ལག་བསྟར་དང་དོན་དམ་དངོས་སུ་སྒྲུབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ཐོན་ཡོད།

    འདི་ནི་ས་བབ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5373ཡོད་པའི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཤང་ལྷོ་ཁ་གྲོང་ཁྱེར་ཕུ་མ་བྱང་ཐང་ཤང་ཡིན།(སྤྱི་ཟླ་3ཚེས་10ཉིན་པར་བླངས།)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001366856601