བོད་ལྗོངས།
༄༅།།འཐུས་མིས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད།

   ལོ་རབས་90ནང་སྐྱེས་པའི་གཞི་རིམ་མི་དམངས་ཉེན་རྟོག་པ་དང་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་སྤྱི་བདེའི་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ཀྱི་སློབ་སྟོན་པ་གཞོན་པ་ཡའོ་ཁྲེ(གཡས་ཀྱི་གསུམ་པ)ཡིས་ལས་ཀར་ཞུགས་ནས་ལོ་དྲུག་ཕྱིན་སོང་། ད་ཆ་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་མཐའ་འཁྱོངས་བྱུང་ཞིང་། མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཚོགས་ཁོར་ཡུག་བརྟན་ལྷིང་བྱུང་ཚེ་གཞི་ནས་བྱ་གཞག་ཁག་འཕེལ་རྒྱས་དང་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་རྒྱུའི་ངོས་འཛིན་གཅིག་མཐུན་བྱེད་ཀྱི་འདུག བརྟན་ལྷིང་སྲུང་སྐྱོང་གི་དང་བླངས་པ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ནང་ཞུགས་པ་དང་བརྟན་ལྷིང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་འདུག་ཅེས་གསུངས་པ་རེད།

 

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367018061