བོད་ལྗོངས།
རྒྱལ་ལམ་109ཡི་གདང་ལའི་དུམ་བུར་གངས་འཁྱགས་བབས་པའི་རྐྱེན་གྱིས་རླངས་འཁོར་སྟོང་ལ་ཉེ་བ་འགག་པ་དང་། ས་གནས་དེ་གས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་པ།

  

    ཟླ་11ཚེས་1ཉིན། བོད་ལྗོངས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་པས་ལམ་འགག་པའི་གདང་ལའི་དུམ་བུར་འགྲིམ་འགྲུལ་བཀོད་འདོམས་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་གི་ནང་ཁུལ་དུ་ཉིན་ཤས་བསྟུད་མར་ཁ་བ་ཆེན་པོ་བབས་པའི་གནམ་གཤིས་བསྟན་པས་རྒྱལ་ལམ་109ཡི་གདང་ལའི་དུམ་བུར་རླངས་འཁོར་འགྲོ་སྐྱོད་བྱེད་དཀའ་བའི་གནས་ཚུལ་ཐོན་ཡོད། ས་གནས་དེ་གའི་སྲིད་གཞུང་དང་སྤྱི་བདེ་ཉེན་རྟོག འགྲིམ་འགྲུལ་ཉེན་རྟོག དྲག་ཆས་ཉེན་རྟོག སྨན་དོན་སོགས་ཕྱོགས་ཁག་གི་མི་སྣས་འཕྲལ་དུ་ས་ཡུལ་དངོས་སུ་བསྐྱོད་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་དང་ཁྲིད་སྟོན་བྱས་ཡོད།

    ཟླ་11ཚེས་1ཉིན། དྲག་ཆས་ཉེན་རྟོག་པའི་འཐབ་འཛིང་མི་སྣས་གདང་ལར་ལུས་པའི་ཁ་ལོ་བ་དང་འགྲུལ་པར་རོགས་སྐྱོབ་ཟས་རིགས་སྤྲོད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། 

 

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367227701