བོད་ལྗོངས།
རྒན་རྒོན་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།

ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་རིན་ཆེན་ཚལ་གྲོང་ཚོས་གྲོང་ཚོ་དེ་ཡོངས་ཀྱི་རྒན་རྒོན་69སྒྲིག་འཛུགས་ཀྱིས་དགའ་སྤྲོའི་ངང་མཉམ་འཛོམས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་རྒན་རྒོན་ཚོར་གཅེས་སྐྱོང་གི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། རིན་ཆེན་ཚལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་མཐར་གྱིས་རྒན་རྒོན་ཚོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་འགྲེལ་བྱས་པ་དང་འབྲེལ་རྒན་རྒོན་ཚོ་བདེ་ཐང་དང་བདེ་སྐྱིད་ལྡན་པའི་ངང་ཚེ་མཇུག་སྐྱེལ་རྒྱུ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།  

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367309841