བོད་ལྗོངས།
དམངས་ཡོངས་ལུས་སྦྱོང་སྐབས་འཁོར་ཤུད་སྦྱོང་བརྡར་ལྷ་སའི་སློབ་གྲྭ་ཁག་ཏུ་བསྐྱོད་པ།

    ཟླ་11ཚེས་21ཉིན། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མས་འཁོར་ཤུད་ལུས་རྩལ་མྱོང་རོལ་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། སྤྱི་ཚེས་21ཉིན། བོད་རང་སྐྱོང་ལྗོངས་དམངས་ཡོངས་ལུས་སྦྱོང་གི་དང་བླངས་ཞབས་ཞུའི་བྱེད་སྒོ་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་བསྐྱོད་ཡོད། བྱེད་སྒོའི་ཁྲོད་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་སློབ་གྲྭར་དམངས་ཡོངས་ལུས་སྦྱོང་གི་ལུས་རྩལ་ཡོ་ཆས་སྤྲད་པ་མ་ཟད་འཁོར་ཤུད་ཀྱི་ཆེད་ལས་སྦྱོང་བརྡར་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། སློབ་མ་50ཁག་དང་པོའི་སྦྱོང་བརྡར་ནང་ཞུགས་ཡོད།

    ཟླ་11ཚེས་21ཉིན། བོད་ལྗོངས་ཝོའོ་ཉུའུ་འཁོར་ཤུད་སྤྲོ་སྐྱིད་ཁང་གི་རྩལ་ཁྲིད་པ་ཝང་གྲོན(གཡས་ཀྱི་གསུམ་པ)གྱིས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མ་ཚོར་འཁོར་ཤུད་ཀྱི་རྨང་གཞིའི་རྩལ་ནུས་སློབ་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

    ཟླ་11ཚེས་21ཉིན། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་མ་ཚོས་འཁོར་ཤུད་ཡོ་ཆས་ལེན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367738811