བོད་ལྗོངས།
རྐང་རྩེད་སྤོ་ལོ།—“ཕུགས་འདུན་དོན་གཉེར”ཞེས་པའི་བུ་མོའི་རྐང་རྩེད་སྤོ་ལོའི་དུས་ཆེན་སློབ་གྲྭར་བསྐྱོད་པ།

    ཟླ་11ཚེས་22ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པའི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་ཚོས་རྐང་རྩེད་སྤོ་ལོའི་ལུས་རྩལ་ནང་སྦྱོང་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་22ཉིན། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་འཆར་འགོད་བྱས་པ་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ནས་སྒྲུབ་འགན་འཁུར་བའི“ཕུགས་འདུན་དོན་གཉེར”ཞེས་པའི་བུ་མོའི་རྐང་རྩེད་སྤོ་ལོའི་དུས་ཆེན་ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པའི་ས་ཚུགས་སུ་འགོ་བཙུགས་ཡོད། རྐང་རྩེད་སྤོ་ལོར་དགའ་བའི་སློབ་ཕྲུག་བུ་མོ་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག་དགའ་སྣང་ལྡན་པའི་རྐང་རྩེད་སྤོ་ལོའི་བྱེད་སྒོ་སྤེལ་ནས་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་དང་གཏད་འགོག་འགྲན་བསྡུར་སྤེལ་ཡོད། བྱེད་སྒོ་སྤེལ་བ་བརྒྱུད་སློབ་ཕྲུག་བུ་མོ་ཚོས་རྐང་རྩེད་སྤོ་ལོར་དགའ་ཞེན་བྱེད་ཚད་མཐོ་རུ་གཏོང་བ་དང་། ས་མཐོའི་བུ་མོའི་རྐང་རྩེད་སྤོ་ལོའི་རྗེས་རབས་འཇོན་ཐང་ཅན་གསར་འཚོལ་དང་གསོ་སྐྱོང་བྱ་རྒྱུ་རེད།

    ཟླ་11ཚེས་22ཉིན། ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པའི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་ཚོས་སྦྱོང་བརྡར་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཟླ་11ཚེས་22ཉིན། ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པའི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མིས་གཏད་འགོག་འགྲན་བསྡུར་ཁྲོད་སྤོ་ལོ་འཛུལ་བར་དགའ་སྣང་སྟོན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས། 

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367763151