བོད་ལྗོངས།
བོད་ལྗོངས་ལྷ་སར“མི་དང་འཕྲུལ་འཁོར་རམ་འདེགས”ཀྱིས་ས་སྟེང་དུ་ལྷུང་བའི་ལོ་མ་འཕྱགས་ནས་གཙང་སྦྲར་འགན་ལེན་བྱས་པ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅེའེ་ཏཱ་ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་ཚད་ཡོད་ཀུང་སིའི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་བ་དང་ཁོར་ཡུག་འཕྲོད་བསྟེན་རླངས་འཁོར་གྱིས་ཉང་བྲན་ལམ་ཐོག་ཏུ་ལོ་མ་འཕྱག་པ། (ཟླ་11ཚེས་17ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། དེང་སྐབས་ནི་དགུན་ཁ་འཆར་ལ་ཉེ་ཞིང་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་ལམ་ཐོག་ཏུ་གང་སར་ས་སྟེང་དུ་ལྷུང་བའི་ལོ་མས་ཁེངས་ཤིང་། རླུང་བུ་ལྡང་སྐབས་ལོ་མ་གང་སར་འཁྱེར་ནས་མི་དང་འཕྲུལ་འཁོར་གྱི་འགྲོ་སྐྱོད་ལ་འགོག་རྐྱེན་བཟོས་པ་མ་ཟད་ས་འོག་ཆུ་འགྲོ་འགག་སླ་པོ་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅེའེ་ཏཱ་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་ཚད་ཡོད་ཀུང་སིའི་གཙང་འཕྱག་རུ་ཆེན་གྱི་རུ་སྣེ་འཁྲིད་མཁན་གྱིས་གསར་འགོད་པར་བཤད་དོན། ལོ་ལྟར་ལྷ་སར་ཟླ་བ་11ནས་12བར་ལྕང་མའི་ལོ་མ་ལྷུང་མང་ཤོས་ཀྱི་དུས་ཚོད་ཡིན་པས་ཁོར་ཡུག་འཕྲོད་བསྟེན་གྱི་འབྲེལ་ཡོད་ལས་ཀ་བྱེད་ཚད་ཧ་ཅང་མང་པོ་ཡོད། ཁོར་ཡུག་འཕྲོད་བསྟེན་མི་སྣའི་ལས་ཀ་ཉུང་དུ་གཏོང་བ་དང་ལམ་ངོས་གཙང་ཐིང་ཐིང་ཡོང་ཆེད་ཁོར་ཡུག་འཕྲོད་བསྟེན་ཀུང་སིས“མི་དང་འཕྲུལ་འཁོར་རམ་འདེགས”ཀྱིས་ལྷ་སའི་གྲོང་ཁུལ་གྱི་རྒྱ་ལམ་གཙོ་བོར་ལྕང་མའི་ལོ་མ་འཕྱགས་ནས་གྲུབ་འབྲས་ལེགས་པོ་ཐོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོམ་ལམ་ཁ་ཤས་སུ་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱིས་ལམ་བཀག་ནས་ཁོར་ཡུག་འཕྲོད་བསྟེན་ལས་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་རྒྱ་ཆེའི་ཁ་ལོ་བ་ཚོས་འཁོར་རིགས་རང་འགུལ་ངང་སྤོས་ནས་གཙང་ཕྱག་ལས་ཀར་གཞོགས་འདེགས་བྱས་ཏེ་དགུན་དུས་ཀྱི་ལྷ་ས་དེ་བས་མཛེས་ཤིང་གཙང་མ་ཡོང་བའི་རེ་བ་བཅངས་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅེའེ་ཏཱ་ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་ཚད་ཡོད་ཀུང་སིའི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་བ་དང་ཁོར་ཡུག་འཕྲོད་བསྟེན་རླངས་འཁོར་གྱིས་ཉང་བྲན་ལམ་ཐོག་ཏུ་ལོ་མ་འཕྱག་པ། (ཟླ་11ཚེས་17ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅེའེ་ཏཱ་ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་ཚད་ཡོད་ཀུང་སིའི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་བ་དང་ཁོར་ཡུག་འཕྲོད་བསྟེན་རླངས་འཁོར་གྱིས་ཉང་བྲན་ལམ་ཐོག་ཏུ་ལོ་མ་འཕྱག་པ། (ཟླ་11ཚེས་17ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས། 

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367763421