བོད་ལྗོངས།
“ཅིང་བོད་ལག་གདང་སྦྲེལ། སྙེ་མོའི་ཕུགས་མདུན་གཉེར”ཞེས་པའི་སྙེ་མོའི་རིག་གནས་འགྲེམ་སྟོན་པེ་ཅིང་དུ་འགོ་ཚུགས་པ།

    ཟླ་བ་11པའི་ཚེས་24ཉིན། ལྟ་སྐོར་བ་ཞིག་གིས་འགྲེམས་སྟོན་བྱས་པའི་ཤིང་དཔར་ལ་ལྟ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལོའོ་ཞའོ་ཀོང་གིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་24ཉིན། “ཅིང་བོད་ལག་གདང་སྦྲེལ། སྙེ་མོའི་ཕུགས་མདུན་གཉེར”ཞེས་པའི་ཧྲུན་དབྱི—སྙེ་མོའི་རིག་གནས་འགྲེམ་སྟོན་པེ་ཅིང་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་འགོ་ཚུགས་ཡོད། འགྲེམ་སྟོན་དུས་ཡུན་ཉིན་7རིང་གཉེར་རྒྱུ་ཡིན་པ་དང་། བོད་ལྗོངས་སྙེ་མོ་རྫོང་གི་ལོ་རྒྱུས་རིག་གནས་དང་གངས་ལྗོངས་ཀྱི་མཛེས་ལྗོངས། ཡུལ་སྲོལ་གོམས་འདྲིས་སོགས་འགྲེམ་སྟོན་བྱ་རྒྱུ་རེད། སྙེ་མོ་རྫོང་ནི་ཧྲུན་དབྱི་ཆུས་ཀྱི་ཁ་གཏད་རོགས་སྐྱོར་བྱེད་པའི་རྫོང་ཡིན་པ་དང་། ད་ཐེངས་བྱེད་སྒོའི་དམིགས་ཡུལ་ནི་ཅིང་བོད་ས་ཆ་གཉིས་ཀྱི་སྤེལ་རེས་སྟེགས་བུ་བཙུགས་ནས་སྙེ་མོའི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་རིག་གནས་འགྲེམ་སྟོན་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་ས་ཁུལ་དབུལ་སྒྲོལ་ཡོང་བར་འཁྲིད་སྟོན་བྱ་ཆེད་ཡིན།

    ཟླ་བ་11པའི་ཚེས་24ཉིན། ལག་ཤེས་བཟོ་རྩལ་བ་ཞིག་གིས་འགྲེམ་སྟོན་གཉེར་ཡུལ་དངོས་སུ་དར་ལྕོག་ཐོག་པར་འདེབས་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལོའོ་ཞའོ་ཀོང་གིས་པར་བླངས།

    ཟླ་བ་11པའི་ཚེས་24ཉིན། ལག་ཤེས་བཟོ་རྩལ་བ་ཕུར་བུ་ཚེ་རིང་གིས་འགྲེམ་སྟོན་གཉེར་ཡུལ་དངོས་སུ་སྙེ་མོའི་གཟིམ་སྤོས་བཟོ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལོའོ་ཞའོ་ཀོང་གིས་པར་བླངས།

    ཟླ་བ་11པའི་ཚེས་24ཉིན། “ཕུ་གསུམ་ཤིང་བརྐོས་བཟོ་རྩལ”མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སྲིད་ཆོས་ཀྱིས་བོད་ཤོག་སྤྱད་ནས་དཔར་བཏབ་པའི་བརྐོས་རིས་བསྡུ་གསོག་རྒྱག་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལོའོ་ཞའོ་ཀོང་གིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367769441