བོད་ལྗོངས།
དགུན་དུས་ཀྱི་ལྷ་ཀླུ་འདམ་རའི་མཛེས་ཉམས།

    མཁའ་དབྱིངས་ནས་མངོན་པའི་ལྷ་ཀླུ་གདམ་རའི་མཛེས་ཉམས།(ཟླ་བ་11པའི་ཚེས་23ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ལྷ་ས་གྲོང་ཁྱེར་གྱི་ཉེ་འདབས་སུ་གནས་པའི་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་བབ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3600ལྷག་ཙམ་ཟིན་པ་དང་། སྤྱིའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་13ཙམ་ལ་ཉེ་ཞིང་། ལྟག་ཆུ་སྐྱིལ་གསོག་དང་གསོ་རླུང་ཁ་གསབ། དབྱང་གཉིས་ཐན་འགྱུར་བསྡུ་འཐེན་སོགས་ཀྱི་ཐད་སྙོམ་སྒྲིག་གི་ནུས་པ་གལ་ཆེན་ཐོན་གྱི་ཡོད་པས “ལྷ་སའི་གློ་བ ”ཞེས་པའི་མཚན་སྙན་ལྡན་ཡོད། སྲུང་སྐྱོང་ཁུལ་ནང་རྒྱུན་དུ་འཚོ་སྡོད་བྱེད་པའི་བྱ་རིགས་20ལྷག་ཙམ་དང་བྱ་5000ལྷག་ཙམ་ཡོད། དགུན་ཁ་འཆར་ཚུན་འདམ་རའི་ནང་དུས་བྱ་མང་དུ་ཕྱིན་ཡོད་ཅིང་། ཁྲུང་ཁྲུང་མགོ་ཁྲ་དང་ངུར་པ། ངང་པ་སོགས་དུས་བྱ་རིགས་མི་འདྲ་བ་བཅུ་གྲངས་དེར་དགུན་སྒྲོལ་དུ་སླེབས་ཡོད།

    ཟླ་བ་11པའི་ཚེས་23ཉིན། ལྷ་ཀླུ་འདམ་རའི་མཁའ་དབྱིངས་སུ་འཕུར་བའི་ཁྲུང་ཁྲུང་མགོ་ཁྲ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཟླ་བ་11པའི་ཚེས་23ཉིན། ལྷ་ཀླུ་འདམ་རའི་ནང་ཟས་འཚོལ་བཞིན་པའི་ཆུ་བྱ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ལྷ་ཀླུ་འདམ་རའི་ནང་གི་འདམ་རྩྭ། (ཟླ་བ་11པའི་ཚེས་23ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ལྷ་ཀླུ་འདམ་རའི་ནང་སྐྱེས་པའི་རྒྱ་ལྕང་། (ཟླ་བ་11པའི་ཚེས་23ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367770281