བོད་ལྗོངས།
རིན་མེད་མེ་འཁོར་སྤ་སེ་1764སྤྲད་པ་དེས་ཕ་ཡུལ་དུ་ཕྱིར་ལོག་བྱེད་པར་དྲོ་སྐྱིད་སྦྱིན།

    ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བོད་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་མཁན་གླ་པ་དེ་བས་མང་བ་ཕ་ཡུལ་དུ་བདེ་བླག་ངང་ལོག་ཐུབ་པ་དང་ནང་མི་མཉམ་འཛོམས་ཀྱི་དྲོ་སྐྱིད་ཚོར་ཐུབ་ཆེད་། ཉིན་ཤས་གོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་མཚོ་བོད་ལྕགས་ལམ་ཀུང་སི། ཀྲུང་གོ་སྦྲག་སྲིད་བོད་ལྗོངས་ཡན་ལག་ཀུང་སི་སོགས་ཀྱིས་མཉམ་འབྲེལ་ཐོག“དགའ་སྤྲོའི་ངང་ཕ་ཡུལ་དུ་ཕྱིར་ལོག་བྱེད་པའི་ལམ་བར་དུ་སྦྲག་སྲིད་ཀྱིས་ཁྱེད་དང་མཉམ་དུ་འགྲོགས”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་མེ་འཁོར་སྤ་སེ་རིན་མེད་ངང་སྤྲོད་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་གཉེར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་བོད་ལྗོངས་སྦྲག་སྲིད་ཀྱིས་མ་དངུལ་སྒོར་ཁྲི་60ལྷག་ཙམ་གྲབས་གསོག་བྱས་ནས་ལྷ་ས་ནས་ཁྲེང་ཏུའུ་བར་དང་ལྷ་ས་ནས་ཁྲུང་ཆིང་བར་གྱི་མེ་འཁོར་སྤ་སེ་882རིན་མེད་ངང་སྤྲོད་རྒྱུ་དང་རྐུབ་སྟེགས་དཀྱུས་མའི་སྤ་སེ་1764སྤྲོད་རྒྱུའི་འཆར་གཞི་ཡོད་པ་མ་ཟད་རིན་མེད་སྤ་སེ་ཐོབ་པའི་གླ་པར་དྲོ་སྐྱིད་ལག་རྟགས་སྤྲོད་རྒྱུ་ཡིན་ཞིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་གླ་པས་འབྲེལ་ཡོད་འགྲོ་ལུགས་གཉེར་བཞིན་པ། 

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367872921