བོད་ལྗོངས།
བོད་ཀྱི་གཏམ་རྒྱུད། དབུལ་སྒྲོལ་ཕྱུག་འགྱུར་གྱི་བདེ་སྐྱིད་མགྱོགས་ལམ་ཐོག་བསྐྱོད་པ།

དུས་བཞིའི་བཀྲ་ཤིས་གྲོང་ཚོའི་གྲོང་མིས་ཁྱིམ་དུ་འཐག་འཐག་བཞིན་པ། (ཟླ་10ཚེས་28ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིས་ཨོས་པར་བླངས།

2016ལོའི་ཟླ་12ཚེས་15ཉིན། བོད་ལྗོངས་ཀྱི་དུད་ཁྱིམ་285དང་ཡུལ་མི་1310གནས་སྤོས་དབུལ་སྐྱོར་གྱིས་དུས་བཞིའི་བཀྲ་ཤིས་གྲོང་ཚོར་གནས་སྤོས་བྱས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ལུང་གཞུང་དུ་གནས་པའི་གྲོང་ཚོ་ཆུང་ཆུང་དེས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྦྱིན་བདག་བསུས་ཡོད། དུས་བཞིའི་བཀྲ་ཤིས་གྲོང་ཚོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.43བཏང་བ་དང་། གནམ་ཐང་གི་མཐོ་རིམ་མགྱོགས་ལམ་དང་ལྷ་གཞིས་ལྕགས་ལམ། རྒྱལ་ལམ་318སོགས་དང་འབྲེལ་ཡོད་ཅིང་། ཆུ་དང་གློག ཉི་ཐབ། རང་འདེམས་ཚོང་ཁང་། ཚལ་འཚོང་ས། སྨན་དོན་ཁང་སོགས་རྨང་གཞིའི་སྒྲིག་ཆས་ཚང་མ་འཛོམས་ཡོད། མིག་སྔའི་བར། དུས་བཞིའི་བཀྲ་ཤིས་གྲོང་ཚོས་སྔ་རྗེས་སུ་གྲོང་མི་ཐེངས་10སྒྲིག་འཛུགས་བྱས་ནས་རླངས་འཁོར་གཏོང་བ་དང་ས་རྐོ་འདྲུའི་འཕྲུལ་འཁོར་གཏོང་བ། མི་རིགས་ལག་ཤེས་ཀྱི་འཐག་ལས་སོགས་ཀྱི་སྦྱོང་བརྡར་ཁག་མང་པོ་གཉེར་ཡོད་ཅིང་། རིམ་རྩིས་བྱས་ན་མི་ཐེངས་456ལ་སྦྱོང་བརྡར་བྱས་ཡོད།

དུས་བཞིའི་བཀྲ་ཤིས་གྲོང་ཚོའི་གྲོང་མིས་ཁྱིམ་དུ་འདྲ་པར་མཉམ་ལེན་བྱེད་པ། (ཟླ་10ཚེས་28ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིས་ཨོས་པར་བླངས།

དུས་བཞིའི་བཀྲ་ཤིས་གྲོང་ཚོའི་གྲོང་མིས་མཉམ་དུ་ཚོང་གཉེར་བྱེད་པའི་ཚོང་ཁང་གི་མདུན་དུ་འདྲ་པར་མཉམ་ལེན་བྱེད་པ། (ཟླ་10ཚེས་28ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིས་ཨོས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367880441