བོད་ལྗོངས།
བོད་ལྗོངས་སུ་རིན་མེད་ཐོག་དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པར་སྦྱོང་བརྡར་བྱས་ནས་གཞི་རིམ་གྱི་རིག་གནས་སྒྱུ་རྩལ་ཆུ་ཚད་གོང་མཐོར་གཏོང་བ།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ཞབས་བྲོའི་རྨང་གཞིའི་སྟངས་སྟབས་སྦྱོང་བརྡར་བྱེད་པ། (ཟླ་11ཚེས་28ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།   

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཉེ་ཆར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་21གིས་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་དུས་ཡུན་ཟླ་བ་གཉིས་རིང་རིན་མེད་ཐོག་ཞབས་བྲོའི་ཆེད་ལས་སྦྱོང་བརྡར་བྱེད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་རང་སྐྱོང་ལྗོངས་སུ་ཤང་གྲོང་འཁྲབ་སྟོན་རུ་ཁག་2000ལྷག་ཙམ་གཞི་རིམ་དུ་གནས་ཡོད། ལྷ་སར་གཅིག་སྡུད་ཀྱི་སྒོ་ནས་ཆེད་ལས་སྦྱོང་བརྡར་བྱེད་པ་དེས་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་སྤྱི་ཡོངས་ཀྱི་ལས་སྒོའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཕན་པ་ཡོད།

    བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཚོགས་པའི་ཞབས་བྲོའི་དགེ་རྒན་ཤི་ལོག་གིས་ལྷུན་རྩེ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པར་ཞབས་བྲོའི་སྟངས་སྟབས་ཟུར་འཁྲིད་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ཞབས་བྲོའི་རྨང་གཞི་སྟངས་སྟབས་སྦྱོང་བརྡར་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367907421