བོད་ལྗོངས།
སློབ་གསོའི་བོད་སྐྱོར་གྱིས་སློབ་མའི་ཕྱོགས་བསྡུས་བྱང་ཚད་གོང་མཐོར་གཏོང་བ།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཚན་རིག་སློབ་ཁང་ནང་ཧྲའན་ཞི་དགེ་འོས་སློབ་ཆེན་ཁོངས་གཏོགས་སློབ་ཆུང་གི་བོད་སྐྱོར་དགེ་རྒན་ཞིང་ཡོས་ཀྱིས་ལོ་རིམ་ལྔ་པའི་སློབ་མ་ཚོར“ངོ་མཚར་འཇགས་གློག”སྐོར་གྱི་ཚོད་ལྟར་སློབ་སྟོན་བྱེད་པ། (ཟླ་11ཚེས་29ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    2016ལོར“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོར་འགྱུར་ལྡོག་མངོན་གསལ་དོད་པོ་ཐོན་ཡོད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཤེས་ལྡན་མི་སྣ་12ཀྱི་སྐུལ་འཁྲིད་འོག་སློབ་ཁྲིད་ལག་ལེན་ཁྲོད་སློབ་མའི་བསམ་བློ་དང་གསར་གཏོད་ནུས་པ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱས་ཏེ་སློབ་མའི་ཕྱོགས་བསྡུས་བྱང་ཚད་གོང་མཐོར་བཏང་ཡོད།

    ནན་ཁེ་སློབ་ཆེན་ཁོངས་གཏོགས་སློབ་ཆུང་གི་སློབ་སྤྱི་གཞོན་པ། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་ཝུད་ཞའོ་ཏུང་གིས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མར་རྩོམ་ཡིག་དཔྱད་བརྗོད་སློབ་ཚན་སློབ་ཁྲིད་བྱེད་པ།(ཟླ་11ཚེས་29ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཐན་ཅིན་སློབ་ཆེན་ཁོངས་གཏོགས་སློབ་ཆུང་གི་སློབ་སྤྱི་གཞོན་པ། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་རྫུའུ་ཧྥེང་གོ་ཡིས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མར་ཉན་སྣང་ལྡན་པའི་ཨང་རྩིས་སློབ་ཚན་སློབ་ཁྲིད་བྱེད་པ། (ཟླ་11ཚེས་29ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཡིག་གཟུགས་སློབ་ཁང་ནང་ཀྲུང་གོ་མི་དམངས་སློབ་ཆེན་ཁོངས་གཏོགས་ཆུང་གི་བོད་སྐྱོར་དགེ་རྒན་སུན་ཝེས་ལོ་རིམ་གསུམ་པའི་སློབ་མ་ཚོར་ཡིག་གཟུགས་ཟུར་ཁྲིད་བྱེད་པ།(ཟླ་11ཚེས་29ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཐན་ཅིན་སློབ་ཆེན་ཁོངས་གཏོགས་སློབ་ཆུང་གི་སློབ་སྤྱི་གཞོན་པ། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་རྫུའུ་ཧྥེང་གོ་ཡིས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མར་སེམས་ཁམས་ཟུར་ཁྲིད་བྱེད་པ།(ཟླ་11ཚེས་29ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367936081