བོད་ལྗོངས།
བོད་ལྗོངས་ཀྱིས་འཛམ་གླིང་ཨེ་ཙི་འགོས་ནད་ཉིན་མོའི་དྲིལ་བསྒྲགས་སློབ་གསོའི་བློ་འདྲིའི་བྱེད་སྒོ་སྤེལ་བ།

    ཟླ་12ཚེས་1ཉིན། བོད་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣས(གཡོན)ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་ཕར་འགྲོ་ཚུར་འོང་བྱེད་པའི་གྲོང་མི་ཚོར་ཨེ་ཙི་འགོས་ནད་སྔོན་འགོག་བྱེད་པའི་རྒྱུན་ཤེས་འགྲེལ་བཤད་རྒྱག་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། སྤྱི་ཚེས་1ཉིན། ལྷ་སར“མཉམ་དུ་ཨེ་འགོག་འགན་འཁྲི་འཁུར། མཉམ་དུ་བདེ་ཐང་དབང་ཆ་སྤྱོད། མཉམ་དུ་བདེ་ཐང་ཀྲུང་གོ་བསྐྲུན”ཞེས་བརྗོད་བྱ་གཙོ་བོར་བཟུང་བའི་འཛམ་གླིང་ཨེ་ཙི་འགོས་ནད་ཉིན་མོའི་དྲིལ་བསྒྲགས་སློབ་གསོའི་བློ་འདྲིའི་བྱེད་སྒོ་སྤེལ་ཡོད། འདི་ལོའི་ཟླ་12པའི་ཚེས་1ཉིན་ནི་འཛམ་གླིང་ཨེ་ཙི་འགོས་ནད་ཉིན་མོ་ཐེངས་སུམ་ཅུ་པ་ཡིན།

    ཟླ་12ཚེས་1ཉིན། བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་ལས་དོན་མི་སྣས(གཡོན)ཨེ་ཙི་འགོས་ནད་སྔོན་འགོག་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཟླ་12ཚེས་1ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣས་གྲོང་མི་ཚོར་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367952321