བོད་ལྗོངས།
སྐབས་གཉིས་པའི་བོད་ལྗོངས་ཀྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་འགོ་ཚུགས་པ།

    འདི་ནི་སྐབས་གཉིས་པའི་བོད་ལྗོངས་ཀྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་གྱི་ཚོགས་ར་དངོས་ཡིན།(ཟླ་12ཚེས་5ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། སྤྱི་ཚེས་5ཉིན། སྐབས་གཉིས་པའི་བོད་ལྗོངས་ཀྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ལྷ་སར་འགོ་ཚུགས་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ཁྲོད་ཁྱོན་ལས་གཏོད་གཞོན་ནུ་200ལྷག་ཙམ་འགྲན་ཞུགས་བྱེད་པར་མིང་ཐོ་བཀོད་ཡོད་པ་དང་། ཟླ་12པའི་ཚེས་5ཉིན་ནས་ཚེས་30ཉིན་བར་གྱི་འགྲན་བསྡུར་རིང་། “ཕྱོགས་བསྡུས་འགྲན་བསྡུར+ཆེད་བརྗོད་འགྲན་བསྡུར”གྱི་འགྲན་ལུགས་སྤྱད་ནས་འགྲན་རྩོད་བརྒྱུད་བྱ་དགའ་རིམ་པ་དང་པོ་གཅིག་དང་བྱ་དགའ་རིམ་པ་གཉིས་པ་གཉིས། བྱ་དགའ་རིམ་པ་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་ལྔ་བཅས་ཐོན་གྱི་ཡོད་ཅིང་། བྱ་དགའ་ཐོབ་པའི་རྣམ་གྲངས་ལ་རོགས་སྐྱོར་མ་དངུལ་སྤྲོད་རྒྱུ་དང་། མ་ཟད་དངུལ་རྩའི་རྒྱབ་སྐྱོར་དང་ལས་གཏོད་ཞབས་ཞུ་འབྲེལ་མཐུད་དང་མཁོ་འདོན་བྱ་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368057271