བོད་ལྗོངས།
བོད་ལྗོངས་ལྷ་སར་སྤྱི་ཕན་ནགས་ཚལ་བདག་སྐྱོང་ལ་གྲུབ་འབྲས་ཐོན་པ།

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་རྫེམ་གྲོང་ཚོའི་སྤྱི་ཕན་ནགས་ཚལ་བདག་སྐྱོང་བས་ནགས་ཚལ་ཁུལ་དུ་རྒྱུན་གཏན་སྐོར་ལྟ་བྱེད་པ།(ཟླ་12ཉིན་6ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་2009ལོར་ནགས་ཚལ་སྣོད་བཅུད་ཀྱི་ཕན་འབྲས་ཁ་གསབ་ལས་དོན་ལག་བསྟར་བྱས་པ་ནས་ད་བར་མུའུ་ཁྲི་260ཙམ་ཟིན་པའི་གཙོ་གནད་སྤྱི་ཕན་ནགས་ཚལ་ཐོན་ཁུངས་དང་ནགས་ཁུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཐོན་ཁུངས་ལ་སྲུང་སྐྱོང་དང་སླར་གསོ་ནུས་ལྡན་བྱུང་ཡོད། ངོ་སྤྲོད་ལ་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་སྤྱི་ཕན་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི་950ཙམ་ཟིན་པ་དང་། དེའི་ཁྲོད་77%རྒྱལ་ཁབ་ནགས་ཚལ་སྣོད་བཅུད་ཀྱི་ཕན་འབྲས་ཁ་གསབ་ནང་བཅུག་ཡོད་ཅིང་། སྣོད་བཅུད་ཁ་གསབ་ཀྱི་ལས་གནས་ཧ་ལམ་15000མཁོ་འདོན་བྱས་པས་ས་ཆ་དེ་གའི་ཡིག་ཚགས་དང་གྰ་བཟོས་པའི་དབུལ་པོའི་ཁྱིམ་ཚང་དབུལ་སྒྲོལ་བྱེད་པར་རམ་འདེགས་བྱས་ཡོད།

    འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་རྫེམ་གྲོང་ཚོར་པར་ལེན་བྱས་པའི་རྒྱལ་ལམ་318ལམ་རྒྱུད་ཀྱི་སྤྱི་ཕན་ནགས་ཚལ་ཡིན།(ཟླ་12ཉིན་6ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368226561