བོད་ལྗོངས།
བོད་ལྗོངས་རིན་སྤུངས་རྫོང་གི་གནས་སྤོས་དུད་ཁྱིམ་གྱི་འཚོ་བ་གསར་པ།

    ཚེ་རིང་སྐྱིད་འཛོམས་ཀྱིས་རང་གི་བོད་ཟས་ཁང་གི་སྒོ་འགྲམ་དུ་འདྲ་པར་ལེན་པ།(12ཚེས་7ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། 2006ལོའི་ཟླ་8པར་བོད་ལྗོངས་རིན་སྤུངས་རྫོང་གི་གནས་སྤོས་དུད་ཁྱིམ་ཁག་གཅིག་བྱེ་བ་ཤང་དུ་སྤོས་ཡོད། ས་ཆ་དེ་གའི་སྲིད་གཞུང་གིས་རྒྱལ་ལམ་318ཉེ་འགྲམ་དུ་ཁོང་ཚོར་ཕུ་སྣ་གྲོང་ཚོ་ཟེར་བའི་གྲོང་ཚོ་གསར་པ་ཞིག་གསར་འཛུགས་བྱས་པས་དུད་ཁྱིམ་ཚང་མར་སྡོད་ཁང་གསར་པ་རག་ཡོད། གྲོང་ཚོ་གསར་པའི་ནང་སྤོས་ནས་དུས་ཚོད་རིང་པོ་མ་སོང་བར་ཚེ་རིང་སྐྱིད་འཛོམས་དང་ཁོང་གི་བཟའ་ཟླས་ཁྱིམ་དུ་བོད་ཟས་ཁང་ཞིག་གཉེར་བ་དང་། གཙང་སྦྲ་ལྡན་ལ་བྲོ་བ་ཡག་པའི་རྐྱེན་གྱིས་གཅིག་བཤད་གཅིག་ལ་བརྒྱུད་ཚོང་གཉེར་ཇེ་ལེགས་སུ་ཕྱིན་ཡོད། གྲོང་ཚོ་གསར་པའི་འགྲིམ་འགྲུལ་སྟབས་བདེ་བས་ས་ཆ་འདིའི་མང་ཚོགས་ཚང་མས་ལས་གཏོད་བྱེད་ཅིང་། ལོ་11རིང་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་6000ལྷག་ཙམ་མང་དུ་ཕྱིན་ཡོད།

    ཚེ་རིང་སྐྱིད་འཛོམས(གཡོན་གྱི་དང་པོ)ཀྱིས་མགྲོན་པོར་ཇ་བླུག་པ།(ཟླ་12ཚེས་7ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

    ཚེ་རིང་སྐྱིད་འཛོམས་ཀྱིས་ཟ་ཁང་གི་སྒྲོག་ཙེ་འཕྱི་བཞིན་པ།(ཟླ་12ཚེས་7ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

    རིན་སྤུངས་རྫོང་བྱེ་བ་ཤང་ནུབ་མདའ་གྲོང་ཚོའི་གྲོང་མི་དོན་གྲུབ་ཀྱིས་ཕྲུ་གུ་འཁྲིད་ནས་ཚེ་རིང་སྐྱིད་འཛོམས་ཀྱི་བོད་ཟས་ཁང་ནང་ཇ་འཐུང་ཞིང་། ཁོང་ནི་ཟ་ཁང་འདིའི་རྒྱུན་ཕེབས་མགྲོན་པོ་ཡིན།(ཟླ་12ཚེས་7ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368231371