བོད་ལྗོངས།
བོད་ལྗོངས་བཞད་མཐོང་སྨོན་རྫོང་དུ་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱིས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་དར་ལྡིང་ཤང་གི་གྲོང་མི་དགྲ་འདུལ་གྱིས་ཆེད་ལས་མཉམ་ལས་ཁང་དུ་ཕྱུ་པ་འཚེམ་པ། (ཟླ12ཚེས་8ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས་གྲོང་ཚོ་དང་ཁེ་ལས་མཉམ་ལས་མཉམ་འགུལ་དང་། ཁྱད་ལྡན་གསར་སྤེལ་གྱི་སྐུལ་འཁྲིད། འཇོན་ཐང་ཅན་གྱི་ཕྱུག་འགྱུར་སྣེ་ཁྲིད་སོགས་ཀྱི་རྣམ་པ་སྤྱད་ནས་སྲོལ་རྒྱུན་ལག་ཤེས་བཟོ་ལས་འཕེལ་རྒྱས་བཏང་བ་དང་། ས་ཆ་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཁྱིམ་གྱི་ལས་ཞུགས་བསྡུ་ལེན་བྱས་པས་ཞིང་འབྲོག་མང་ཚོགས་རང་ངོས་ཀྱི་འཇོན་ནུས་གོང་མཐོར་ཕྱིན་ཡོད་ཅིང་། ལོ་རེར་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་8500ལྷག་ཙམ་ཟིན་ཡོད།

    སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཀོ་ཆས་ཀྱི་རྒྱུན་འཛིན་པ་རྒྱལ་མཚན་གྱིས་ཟོམ་པ་སྟོན་པ། (ཟླ12ཚེས་8ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

    གླང་སྣ་ཆབ་ཁ་བོད་གྲི་མཉམ་ལས་ཁང་གི་ལག་ཤེས་བཟོ་རྩལ་པས་དངུལ་ཚགས་རྒྱག་པ།(ཟླ12ཚེས་8ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368255051