བོད་ལྗོངས།
བོད་ལྗོངས་ལྷོ་ཁར་གྲོང་ཚོ་དང་ཁེ་ལས་མཉམ་སྐྲུན་གྱིས་སྣོད་བཅུད་ལ་བརྟེན་ནས་དབུལ་སྒྲོལ་བྱས་པ།

    དབུལ་པོའི་དུད་ཁྱིམ་གྱིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་ཞོལ་གྲོང་ཚོའི་སྡོང་ཕྲུག་ར་བའི་རྟེན་གཞིའི་ནང་རྩྭ་ངན་འཐོག་པ།(ཟླ་12ཚེས་11ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀུན་བདེ་དབུལ་སྐྱོར་ཀུང་སིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་དབུལ་སྐྱོར་ལས་གནས་ཟུང་འབྲེལ་གྱིས་སྣེ་གདོང་ཆུས་ཕོ་བྲང་ཤང་ཞོལ་གྲོང་ཚོར་མུའུ་1000ལྷག་ཙམ་གྱི་ཞིང་ལས་སྡོང་ཕྲུག་ར་བ་ཞིག་བསྐྲུན་ནས་ས་གནས་དེ་གའི་དབུལ་པོའི་དུད་ཁྱིམ་དང་དེ་བཞིན་འགན་ལེན་ལྔའི་དུད་ཚང་སོགས་དམིགས་བསལ་ཚོགས་སྤྱིར་རིན་མེད་ངང་ལས་གནས་རྩལ་ནུས་གསོ་སྦྱོང་བྱས་ཤིང་། ལས་གནས་200ལྷག་ཙམ་མཁོ་འདོན་བྱས་ཏེ་ཕོ་བྲང་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཁྱིམ་30ཡི་མི་72སྐུལ་ཁྲིད་བྱས་ནས་ལོར་མི་རེར་ཆ་སྙོམས་འབབ་འཕར་སྒོར་3400ལྷག་ཙམ་བྱུང་ཡོད།

    དབུལ་པོའི་དུད་ཁྱིམ་གྱིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་ཞོལ་གྲོང་ཚོའི་སྡོང་ཕྲུག་ར་བའི་རྟེན་གཞིའི་ནང་རྩྭ་ངན་འཐོག་པ།(ཟླ་12ཚེས་11ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལེའུ་ཏུང་ཅུན་གྱིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368282771