བོད་ལྗོངས།
ཆུ་མཁོ་སྤྲོད་ཀྱི་སྤུས་ཀ་ལེགས་སུ་བཏང་ནས་བདེ་འཇགས་འཐུང་ཆུ་འགན་ལེན་བྱེད་པ།

    ད་ཕན་ལོ་ཤས་རིང་། ནག་ཆུ་ས་ཁུལ་གྱིས་བདེ་འཇགས་དང་སྤུས་ལེགས་ངང་ཆུ་མཁོ་སྤྲོད་བྱེད་པ་ལས་འགན་དུ་བརྩིས་ནས་ནག་ཆུའི་ཆུའི་བཟོ་གྲྭ་གསར་སྐྲུན་དང་སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཆུ་མཁོ་སྤྲོད་ཀྱི་མདོང་ལམ་དང་དུད་ཁྱིམ་གྱི་ཆུ་ཚོད་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། ཆུ་ཁོངས་ཁུལ་གྱི་སྲུང་སྐྱོང་བཅོས་སྒྲིག་ལ་ཞུགས་པ། བཙོག་ཆུ་གཙང་བསིང་བཟོ་གྲྭ་གསར་སྐྲུན་དང་ཚད་གཞི་མཐོར་གཏོང་དང་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། ཆུ་མཁོ་སྤྲོད་ཀྱི་སྤུས་ཀ་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་འཐུང་ཆུ་འགན་ལེན་བྱས་ཡོད།

    འདི་ནི་ནག་ཆུ་ས་ཁུལ་གྱི་རང་འབབ་ཆུ་ཀ་ལ་བཟོ་གྲྭའི་ཟུར་ཞིག་ཡིན་པ།

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001368397901