བོད་ལྗོངས།
གཅིག་སྡུད་གསོ་སྦྱོང་བྱས་ནས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ།

    ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གྱིས་དམངས་ཕན་དམངས་བདེའི་ཞབས་ཞུའི་བྱ་ཐབས་སྔར་བས་དོན་འཁྱོལ་བྱ་ཆེད་གཅིག་སྡུད་གསོ་སྦྱོང་གི་བྱ་ཐབས་སྤྱད་དེ་མང་ཚོགས་རྣམས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རྒྱུགས་ལེན་སྐབས་གསོ་སྦྱོང་དཀའ་བ་དང་ཡིག་རྒྱུགས་གཏོང་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་ཆབས་ཅིག མང་ཚོགས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། འབྱུང་རྩ་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཉུང་དུ་བཏང་ཞིང་། འདི་ནི་ཉེ་ཆར་གཞིས་རྩེ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ལས་དོན་མི་སྣས་གསོ་སྦྱོང་ལ་ཞུགས་མཁན་མི་སྣར་ཆ་འཕྲིན་ཐོ་འགོད་བྱེད་པའི་གནས་ཚུལ་ཡིན་པ།  

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001368817921