བོད་ལྗོངས།
2019ལོར་བོད་ལྗོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་4000ལས་བརྒལ་བ།

(文化)(1)2019年西藏接待游客超过4000万人次

    ནང་སའི་ཡུལ་སྐོར་བ་གཉིས་ཀྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་མདུན་དུ་བོད་ཆས་གྱོན་ནས་དྲན་རྟེན་འདྲ་པར་ལེན་པ། (2019ལོའི་ཟླ་1ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས།

བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པས་ཞིང་འབྲོག་པའི་གནས་སྒྱུར་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ལྗོངས་ཀྱིས་2019ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་4000ལས་བརྒལ་བ་དང་ཡོང་འབབ་སྒོར་དུང་ཕྱུར་560ཟིན་ཡོད། ཞིང་འབྲོག་པ་ཁྲི་40ཡུལ་སྐོར་ཐོན་ལས་ནང་ཞུགས་ཡོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་མུ་མཐུད་རམ་འདེགས་བྱས་ཡོད།

(文化)(2)2019年西藏接待游客超过4000万人次

    ཡུལ་སྐོར་བས་མཁའ་རེག་ལའི་འཁྱགས་རོམ་གྱི་མཛེས་ལྗོངས་ལ་ལྟ་བ། (2019ལོའི་ཟླ་8ཚེས་31ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཤིན་གྱིས་པར་བླངས།

(文化)(3)2019年西藏接待游客超过4000万人次

    ཡུལ་སྐོར་བ་ཞིག་གིས་བར་སྐོར་དུ་དྲན་རྟེན་འདྲ་པར་ལེན་པ། (2019ལོའི་ཟླ་7ཚེས་29ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

(文化)(4)2019年西藏接待游客超过4000万人次

    བྱིས་པ་ཞིག་ལྷོ་རིའི་སྤྱི་གླིང་གི་མཚེའུའི་འགྲམ་དུ་རྩེད་མོ་རྩེ་བ། (2019ལོའི་ཟླ་7ཚེས་30ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386878551