བོད་ལྗོངས།
ས་མཐོའི་ཐོག་གི་མེ་འཁོར་གྱི་འགོ་འཛིན་པ་བོད་རིགས་བུད་མེད་དཀོན་མཆོག་ཆོས་སྒྲོན།

(新春走基层)(1)高原上的藏族女列车长——贡久曲珍

    མེ་འཁོར་མ་ཐོན་གོང་དཀོན་མཆོག་ཆོས་སྒྲོན་གྱིས་འཁོར་སྒྲོམ་ནང་སྐོར་ཞིབ་བྱེད་པ། (ཟླ་1ཚེས་12ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། “ཉི་འོད་གྲོང་ཁྱེར”ལྷ་སར་ནམ་ལངས་མེད་པའི་སྐབས་སུ་མཚོ་བོད་ལྕགས་ལམ་ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་འགོ་འཛིན་པ་བོད་རིགས་བུད་མེད་དཀོན་མཆོག་ཆོས་སྒྲོན་གྱིས་ཟླ་འོད་འོག་མེ་འཁོར་འབབ་ཚུགས་ནང་འཛུལ་ནས་ཉིན་དེར་འགྲོ་འོང་ཐེངས་གཉིས་བྱེད་པའི་འགྲུལ་སྐྱེལ་ལས་དོན་གྲ་སྒྲིག་བྱེད་བཞིན་ཡོད།

(新春走基层)(2)高原上的藏族女列车长——贡久曲珍

    ཞོགས་པ་དཀོན་མཆོག་ཆོས་སྒྲོན་གྱིས་མཛེས་བཟོ་བྱེད་པ། (ཟླ་1ཚེས་12ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    དཀོན་མཆོག་ཆོས་སྒྲོན་ནི་ཝུའུ་ཧན་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་ཐོན་བྱུང་རྗེས་མཚོ་བོད་ལྕགས་ལམ་ཀུང་སིར་ལས་བགོས་བརྒྱབ་པ་དང་། དེ་ནས་བཟུང་ཁོ་མོའི་ལང་ཚོ་ལྕགས་ལམ་ལས་རིགས་ལ་སྐྱེས་སུ་ཕུལ་ཡོད། 2014ལོར་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ཡིན་པའི་ལྷ་ས་ནས་གཞིས་རྩེའི་བར་གྱི་ལྕགས་ལམ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། སྐབས་དེ་དུས་ཐོན་ཐེངས་དང་པོའི་མེ་འཁོར་གྱི་འགོ་འཛིན་པ་ཡིན་པའི་དཀོན་མཆོག་ཆོས་སྒྲོན་མེ་འཁོར་བསྡད་དེ་བོད་ལྗོངས་ཀྱི་གྲོང་ཁྱེར་ཨང་གཉིས་པ་གཞིས་རྩེར་ཐེངས་དང་པོ་སླེབས་ཡོད། ལྷ་གཞིས་ལྕགས་ལམ་ནི་ཡར་ཀླུང་གཙང་པོའི་འགྲམ་ནས་བརྒྱུད་ཅིང་། ཉིན་ལྟར་ཕར་འགྲོ་ཚུང་འོང་བྱེད་པའི་མེ་འཁོར་ནི་ས་གནས་དེའི་མི་རིགས་ཁག་གི་མང་ཚོགས་རྣམས་མགྱོགས་ལ་སྟབས་བདེ་བའི་ངང་འགྲོ་སྐྱོད་བྱེད་པའི་འདམ་གར་གྱུར་ཡོད།

(新春走基层)(3)高原上的藏族女列车长——贡久曲珍

    དཀོན་མཆོག་ཆོས་སྒྲོན(གཡས)དང་འགྲུལ་པ་ཅི་འཕྲོས་མོལ་འཕྲོས་བྱེད་པ། (ཟླ་1ཚེས་12ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    དཀོན་མཆོག་ཆོས་སྒྲོན་གྱིས་ལྕགས་ལམ་གྱིས་ས་མཐོའི་མང་ཚོགས་འགུལ་སྐྱོད་བྱེད་པའི་ཁྱབ་རྒྱ་ཆེ་རུ་བཏང་བ་མ་ཟད། བོད་རིགས་ན་གཞོན་ཚོར་ལས་ཞུགས་ཀྱི་གོ་སྐབས་གསར་པའང་མཁོ་འདོན་བྱས་ཡོད་ཅེས་བརྗོད། དཀོན་མཆོག་ཆོས་སྒྲོན་ནི་བོད་རིགས་ཀྱི་བུད་མེད་མེ་འཁོར་འགོ་འཛིན་པ་ཞིག་ཡིན་པའི་ངོས་ནས། བོད་རིགས་མང་ཚོགས་དང་འབྲེལ་གཏུགས་བྱེད་སྐབས་ཧ་ཅང་སྟབས་བདེ་ཞིང་། ཁོ་མོས་མེ་འཁོར་ཐོག་རྒན་རྒོན་རྣམས་ལ་རང་ཉིད་ཀྱི་འདས་ཟིན་པའི་གཏམ་རྒྱུད་བརྗོད་པ་དང་། ན་གཞོན་འགྲུལ་པ་ཚོར་ལས་ཀའི་ཉམས་མྱོང་མཉམ་སྤྱོད་བྱེད་ཀྱི་ཡོད། ཁོ་མོས་ལྕགས་ལམ་གྱི་དྲ་རྒྱ་ས་མཐོར་རིམ་བཞིན་ཁྱབ་པ་དང་བསྟུན་ནས་བོད་རིགས་ཀྱི་མེ་འཁོར་འགོ་འཛིན་པ་དང་མེ་འཁོར་ཁ་ལོ་བ་དེ་བས་མང་བ་འབྱུང་སྲིད་པ་དང་། ཁོང་ཚོའི་ལས་ཀའི་ཕུགས་བསམ་མངོན་འགྱུར་ཐུབ་ཀྱི་རེད་ཅེས་བརྗོད།

(新春走基层)(4)高原上的藏族女列车长——贡久曲珍

    དཀོན་མཆོག་ཆོས་སྒྲོན(གཡས)དང་ལས་རོགས་གླེང་མོལ་བྱེད་པ། (ཟླ་1ཚེས་12ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(新春走基层)(5)高原上的藏族女列车长——贡久曲珍

    མེ་འཁོར་མ་ཐོན་གོང་དཀོན་མཆོག་ཆོས་སྒྲོན(གཡས)དང་མེ་འཁོར་ཞབས་ཞུ་བས་མཉམ་དུ་མེ་འཁོར་གྱི་སྒོ་ལ་ཞིབ་བཤེར་བྱེད་པ། (ཟླ་1ཚེས་12ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

(新春走基层)(6)高原上的藏族女列车长——贡久曲珍

    དཀོན་མཆོག་ཆོས་སྒྲོན(གཡོན)དང་ལས་རོགས་གླེང་མོལ་བྱེད་པ། (ཟླ་1ཚེས་12ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

(新春走基层)(7)高原上的藏族女列车长——贡久曲珍

    དཀོན་མཆོག་ཆོས་སྒྲོན(གཡས་ཀྱི་དང་པོ)དང་ལས་རོགས་ཀྱིས་མཉམ་དུ་འགྲུལ་པར་རོགས་པ་བྱེད་པ། (ཟླ་1ཚེས་12ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

(新春走基层)(8)高原上的藏族女列车长——贡久曲珍

    དཀོན་མཆོག་ཆོས་སྒྲོན་གྱིས་མེ་འཁོར་གྱི་འགྲུལ་ཆས་བང་སྒྲོམ་ལ་ཞིབ་བཤེར་བྱེད་པ། (ཟླ་1ཚེས་12ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(新春走基层)(9)高原上的藏族女列车长——贡久曲珍

    དཀོན་མཆོག་ཆོས་སྒྲོན་གྱིས་མེ་འཁོར་ཐོག་ཟས་རིགས་ཀྱི་སྤུས་ཚད་འགན་ལེན་དུས་ཚོད་ལ་ཞིབ་བཤེར་བྱེད་པ། (ཟླ་1ཚེས་12ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(新春走基层)(10)高原上的藏族女列车长——贡久曲珍

    དཀོན་མཆོག་ཆོས་སྒྲོན་གྱིས་རྐྱང་འབྲེལ་ཁ་པར་བརྒྱུད་ལས་རོགས་དང་འབྲེལ་བ་བྱེད་པ། (ཟླ་1ཚེས་12ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387102081