བོད་ལྗོངས།
སྐལ་བཟང་གི་དབུལ་སྒྲོལ་ལམ་བུ།

(新春走基层)(1)珠峰脚下:格桑的五彩脱贫路

    བཀྲ་ཤིས་འཛོམས་ཤང་ཐོས་བསམ་གླིང་གྲོང་ཚོའི་གྲོང་མི་སྐལ་བཟང་། (ཟླ1ཚེས་19ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ཐོས་བསམ་གླིང་གྲོང་ཚོ་ནི་ཇོ་རིའི་འདབས་སུ་གནས་ཡོད། 2016ལོར་ལོ་47ལ་སླེབས་པའི་གྲོང་མི་སྐལ་བཟང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་ཡོད། ཅི་བྱ་གཏོད་མེད་དུ་གྱུར་བའི་ཁོང་གིས་ཆུང་དུས་རང་ཉིད་ཀྱིས་པང་གདན་འཐག་པ་བསམ་བློར་འཁོར།

    པང་གདན་ནི་2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད།

(新春走基层)(2)珠峰脚下:格桑的五彩脱贫路

    སྐལ་བཟང་གིས་པང་གདན་འཐག་པ། (ཟླ1ཚེས་19ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    “ཐོག་མར་ངས་རང་གིས་འཐག་པའི་པང་གདན་ཁྱེར་ཏེ་ཤང་དུ་འཚོང་བར་ཕྱིན་པ་ཡིན” ཕྱིས་སུ་ཉོ་མཁན་རིམ་བཞིན་མང་དུ་ཕྱིན་ཏེ་ངའི་ཁྱིམ་དུ་ཉོ་བར་ཡོང་གི་འདུག་ཅེས་སྐལ་བཟང་གིས་བརྗོད། སྐལ་བཟང་གིས་འཐག་པའི་པང་གདན་གྱི་ཚོན་མདོག་ལེགས་ལ་སྤུས་དག་པས་ཤང་ནང་བྲིན་ཁ་རྒྱུག་པོ་ཡོད་ཅིང་། པང་གདན་གཅིག་ལ་སྒོར་300ནས་500བར་རག་གི་ཡོད།

(新春走基层)(3)珠峰脚下:格桑的五彩脱贫路

    སྐལ་བཟང་གིས་པང་གདན་འཐག་པ། (ཟླ1ཚེས་19ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    པང་གདན་འཚོང་བ་དང་སྲིད་གཞུང་གི་ཁ་གསབ་ལ་བརྟེན་ནས་སྐལ་བཟང་གི་ཁྱིམ་ཚང་2017ལོར་དབུལ་སྒྲོལ་ཐུབ་ཡོད། དབུལ་སྒྲོལ་ཐུབ་རྗེས་སྲིད་གཞུང་གི་རོགས་སྐྱོར་སྲིད་ཇུས་ཁག་ཉུང་དུ་ཕྱིན་མེད། མ་གཞི་ཁྱིམ་དུ་དགུང་ལོ་80ལྷག་ཙམ་ལ་ཕེབས་པའི་ཨ་ཕ་དང་ད་དུང་སློབ་གྲྭར་འགྲོ་བཞིན་པའི་ཕྲུ་གུ་གཉིས་ཡོད། ཡིན་ནའང་མཐའ་མཚམས་གྲོང་མིའི་ཁ་གསབ་དང་རྩྭ་རའི་ཁ་གསབ། སྣོད་བཅུད་ཁ་གསབ། སྨན་བཅོས་དང་སློབ་གསོའི་འགན་ལེན་སྲིད་ཇུས་ཁག་བཅས་ལས། རང་གཅིག་པུས་ཁྱིམ་ཚང་སྐྱོང་བཞིན་ཡོད་པའི་སྐལ་བཟང་ལ་ཕྱིས་སུ་སེམས་ཁྲལ་མེད་པ་བྱུང་ཡོད།

(新春走基层)(4)珠峰脚下:格桑的五彩脱贫路

    སྐལ་བཟང་དང་བུ་མོ་བརྙན་འཕྲིན་ལྟ་བ། (ཟླ1ཚེས་19ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    2019ལོར་སྐལ་བཟང་གིས་པད་གདན་བཙོངས་པའི་དངུལ་གྱིས་འཁྱགས་སྒམ་ཞིག་ཉོས་ཡོད། འདི་ལོ་ཁོང་གིས་ཁང་པའི་ཐོག་སྟེང་དུ་ཤེལ་གྱི་དྲོད་ཁང་ཞིག་རྒྱག་རྩིས་ཡོད།

    “ང་རང་པང་གདན་འཐག་རྒྱུར་ཧ་ཅང་དགའ་པོ་ཡོད། པད་གདན་འཐག་ཐེངས་རེར་ངས་སྤྲོ་སྣང་ལྡན་པའི་ངང་གཞས་གཏོང་གི་ཡོད”ཅེས་སྐལ་བཟང་གིས་བརྗོད་པ་དང་། ཁོང་གིས། པང་གདན་ནི་རྒྱན་གོས་ཀྱི་རིགས་ཤིག་ཡིན་པ་ཙམ་མ་ཟད་དབུལ་སྒྲོལ་ཕྱུག་འགྱུར་གྱི་རོགས་པ་ཡག་པོ་ཞིག་དེ་བས་ཡིན་ཞེས་བརྗོད།

(新春走基层)(5)珠峰脚下:格桑的五彩脱贫路

    སྐལ་བཟང་གིས་གཉེར་ཚང་ནས་ལུག་ཤ་འདོན་རྩིས་བྱེད་པ། (ཟླ1ཚེས་20ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

(新春走基层)(6)珠峰脚下:格桑的五彩脱贫路

    སྐལ་བཟང་དང་ནང་མི་ཤ་བཟའ་བ། (ཟླ1ཚེས་20ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

(新春走基层)(7)珠峰脚下:格桑的五彩脱贫路

    སྐལ་བཟང་གིས་རང་གིས་བཏགས་པའི་པང་གདན་སྟོན་པ། (ཟླ1ཚེས་20ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387287681