བོད་ལྗོངས།
ང་ཚོ་ས་བབ་དམའ་བའི་སྡོད་ཁང་གསར་པའི་ནང་ལོ་གསར་གཏོང་གི་ཡིན།——ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་མང་ཚོགས་ཚོའི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་མཐོང་ཐོས།

(新春走基层)(1)我们将在低海拔新居过年——极高海拔地区群众生态搬迁安置点见闻

    འདི་ནི་ཟླ1ཚེས་20ཉིན་པར་བླངས་པའི་ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་བྱང་ངོས་སུ་གནས་པའི་གོང་དཀར་རྫོང་སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་མང་ཚོགས་ཚོའི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ནི་ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་བྱང་ངོས་སུ་གནས་པ་དང་། དེ་ནི་བོད་ལྗོངས་ཀྱིས་རང་བྱུང་ཆ་རྐྱེན་ཞན་པའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བའི་གཙོ་གནད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཡིན་ཞིང་། 2019ལོའི་ཟླ་12པར་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་སེའུ་ཤང་དང་མཚོ་གཉིས་རྫོང་གི་དཀར་མཚོ་ཤང་། ཡག་ཆུ་ཤང་། མཚོ་སྦྲེལ་བྱང་མ་ཤང་བཅས་ཀྱི་གནས་སྤོས་མང་ཚོགས་3364ཡི་བཀོད་སྒྲིག་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

(新春走基层)(2)我们将在低海拔新居过年——极高海拔地区群众生态搬迁安置点见闻

    ཟླ1ཚེས་20ཉིན། ན་གཞོན་ཞིག་གིས་སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ནང་སྒྲོམ་སྟེགས་སྤོ་ལོ་རྩེ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཙམ་ཟིན་པའི་བོད་བྱང་ཐང་ནས་ས་བབ་ཅུང་དམའ་བའི་བོད་ཀྱི་ལྷོ་ཕྱོགས་ལུང་གཞུང་ཁུལ་དུ་གནས་སྤོ་བྱས་པས་གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་ཆེན་པོ་ཕྱིན་ཡོད། གནས་སྤོས་མང་ཚོགས་སྤྱི་ཡོངས་ཀྱིས་སྡོད་ཁང་གསར་པ་ཡག་པོ་ཡོད་པ་དང་གཉིད་ཡག་པོ་ཁུག་གི་ཡོད་པས་སྡོད་ཁང་གསར་པའི་ནང་དགའ་སྤྲོའི་ངང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་རྒྱུ་ཡིན་ཚུལ་བརྗོད།

(新春走基层)(3)我们将在低海拔新居过年——极高海拔地区群众生态搬迁安置点见闻

    ཟླ1ཚེས་20ཉིན། སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ། བུད་མེད་ཅིག་གིས་སྡོད་ཁང་གསར་པའི་ནང་ཕྲུ་གུར་ལྟ་རྟོག་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(新春走基层)(4)我们将在低海拔新居过年——极高海拔地区群众生态搬迁安置点见闻

    ཟླ1ཚེས་20ཉིན། སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ། ལོ་14ལ་སླེབས་པའི་དཀོན་མཆོག་རྒྱ་མཚོས་(གཡོན)སྡོད་ཁང་གསར་པའི་ནང་སློབ་སྦྱོང་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(新春走基层)(5)我们将在低海拔新居过年——极高海拔地区群众生态搬迁安置点见闻

    ཟླ1ཚེས་20ཉིན། སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ། དགུང་ལོ་96ལ་ཕེབས་པའི་ཆོས་མཚོ་ལགས་ཀྱིས་རང་ཁྱིམ་གྱི་སྡོད་ཁང་གསར་པའི་སྒོ་འགྲམ་དུ་ཉི་མ་སྲོ་གནང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(新春走基层)(6)我们将在低海拔新居过年——极高海拔地区群众生态搬迁安置点见闻

    ཟླ1ཚེས་20ཉིན། སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ། བྱང་ཆུབ་ཀྱིས་སྡོད་ཁང་གསར་པའི་སྒོ་འགྲམ་དུ་ཐག་མཆོང་རྒྱག་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(新春走基层)(7)我们将在低海拔新居过年——极高海拔地区群众生态搬迁安置点见闻

    ཟླ1ཚེས་20ཉིན། སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ། དགུང་ལོ་73ལ་ཕེབས་པའི་རྡོ་རྗེ་སྒྲོལ་མ་ལགས་ཀྱིས་སྡོད་ཁང་གསར་པའི་ནང་རང་གི་ཚ་བོར་ཁ་ལག་སྟེར་གནང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(新春走基层)(8)我们将在低海拔新居过年——极高海拔地区群众生态搬迁安置点见闻

    ཟླ1ཚེས་20ཉིན། སྐལ་བཟང་སྒྲོལ་དཀར་གྱིས་ཕྲུ་གུ་ཁྲིད་ནས་སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ནང་འགྲོ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387288641