བོད་ལྗོངས།
ལྷ་སའི་སྨན་ཁང་གཅིག་དང་ནད་པ་གཅིག

(聚焦疫情防控)(1)拉萨:一座医院 一个病人

    ཟླ་2ཚེས་1ཉིན། བོད་རང་སྐྱོངས་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་པ་ཐུབ་བསྟན་རྣམ་རྒྱལ་གྱིས་ནད་པའི་གློག་པར་ལ་ལྟ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནི་ལྷ་ས་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པའི་ནད་པ་ཆེད་མངགས་སྐྱོབ་བཅོས་བྱེད་སའི་གནས་གཏན་འཁེལ་གྱི་སྨན་ཁང་ཞིག་ཡིན་ཞིང་། མིག་སྔར་བོད་དུ་གཏན་འཁེལ་བྱུང་བའི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པའི་ནད་པ་གཅིག་ཤོས་དེ་སྨན་ཁང་དེར་སྨན་བཅོས་བྱེད་བཞིན་ཡོད། མི་དམངས་སྨན་ཁང་གསུམ་པར་ལས་གནས་ཐོག་ཡོད་པའི་སྨན་དོན་མི་སྣ་151ཡོད་པ་དང་། བོད་རིགས་དང་རྒྱ་རིགས། ཧུའེ་རིགས། ཧོར་རིགས་སོགས་མི་རིགས་མང་པོ་ལས་གྲུབ་ཅིང་། སྨན་ཁང་ཡོངས་ཀྱིས་ནད་པར་གཞིགས་ནས་འབྲེལ་ཡོད་ཇུས་གཞི་གཞིར་བཟུང་སྟེ་སྨན་བཅོས་ཧུར་ཐག་བྱེད་པ་དང་། མིག་སྔར་ནད་པའི་ཚེ་སྲོག་ལ་ཉེན་ཁ་མེད་པ་དང་ནད་པ་དེ་དང་འབྲེལ་བ་དམ་ཟབ་བྱེད་མྱོང་ཡོད་པ་རྣམས་ལོགས་སུ་བཀར་ནས་གསོ་རིག་གི་ལྟ་ཞིབ་བྱེད་བཞིན་ཡོད། ཟླ་1ཚེས་30ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པའི་ནད་པ་1གཏན་འཁེལ་བྱས་པ་དང་། ནད་པ་དེ་ནི་ཟླ་1ཚེས་22ཉིན་ཝུའུ་ཧན་ཝུའུ་ཁྲང་ནས་མེ་འཁོར་བསྡད་དེ་ཚེས་24ཉིན་ལྷ་སར་འབྱོར་ཡོད།

(聚焦疫情防控)(2)拉萨:一座医院 一个病人

    ཟླ་2ཚེས་1ཉིན། ནད་པས་བོད་རང་སྐྱོངས་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ནང་སྨན་བཅོས་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(聚焦疫情防控)(3)拉萨:一座医院 一个病人

    ཟླ་2ཚེས་1ཉིན། བོད་རང་སྐྱོངས་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་པ་ཐུབ་བསྟན་རྣམ་རྒྱལ་གྱིས་ནད་པའི་གློག་པར་ལ་ལྟ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(聚焦疫情防控)(4)拉萨:一座医院 一个病人

    ཟླ་2ཚེས་1ཉིན། ནད་པས་བོད་རང་སྐྱོངས་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ནང་སྨན་བཅོས་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387528031