བོད་ལྗོངས།
ལྷ་སར་སྐོར་སྐྱོད་ཕྱིར་འཚོང་རླངས་འཁོར་གྱིས་སྔོ་ཚལ་མང་ཚོགས་ཀྱི་སྒོ་འགྲམ་དུ་སྐྱེལ་བ།

    ཟླ་2ཚེས་5ཉིན། ལྷ་སའི་གྲོང་འདབས་ཀྱི་གར་པ་གྲོང་ཚོའི་མང་ཚོགས་ཀྱིས་སྐོར་སྐྱོད་ཕྱིར་འཚོང་རླངས་འཁོར་ཐོག་སྔོ་ཚལ་ཉོ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་རིང་སྔོ་ཚལ་སོགས་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་སྔར་ཡོད་ཀྱི་སྔོ་ཚལ་ཐད་ཚོང་ས་ཚིགས་64ཡི་རྨང་གཞིའི་ཐོག་སྐོར་སྐྱོད་ཕྱིར་འཚོང་རླངས་འཁོར་8གསར་སྣོན་བྱས་པ་དང་། ཉིན་ལྟར་ལྷ་སའི་ཉེ་འཁོར་གྱི་མ་མཐར་ཡང་སྡེ་ཁུལ་དང་གྲོང་ཚོ་16ལ་སྔོ་ཚལ་ཕྱིར་འཚོང་ཞབས་ཞུ་བསྒྲུབས་ནས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་ཡོད།

    ཟླ་2ཚེས་5ཉིན། སྐོར་སྐྱོད་ཕྱིར་འཚོང་རླངས་འཁོར་གྱི་ལས་དོན་མི་སྣས་སྔོ་ཚལ་རྒྱ་མར་འཇལ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཟླ་2ཚེས་5ཉིན། ལྷ་སའི་རྣམ་སྲས་ཁུལ་བཅུ་གཅིག་པའི་གྲོང་མིས་སྐོར་སྐྱོད་ཕྱིར་འཚོང་རླངས་འཁོར་ནས་སྔོ་ཚལ་འདེམས་ཉོ་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387605001