བོད་ལྗོངས།
ལྷ་སར་ཐག་ཉེ་ས་ནས་དངོས་ཟོག་ཉོས་ཏེ་བོད་ཀྱི་ལོ་གསར་བསུ་བ།

    ཟླ་2ཚེས་13ཉིན། གྲོང་མིས་ལྷ་སའི་ཁྲོམ་གཞུང་དུ་བོད་བཟོའི་ཤིང་སྡེར་འདེམས་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་འདིར། ལྷ་ས་གྲོང་ཁྱེར་གྱི་ཁྲོམ་ར་ཁག་གི་ཚོང་ཟོག་ཡོང་ཁུངས་འདང་ངེས་ཡོད་པ་དང་རིན་གོང་བརྟན་པོ་ཡོད་པ་མ་ཟད་རྒྱུན་གཏན་ལྟར་ཚོང་གཉེར་བྱེད་བཞིན་ཡོད། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཆེད། ལྷ་སའི་གྲོང་མིས་རང་འགུལ་ངང་ཁ་རས་བརྒྱབ་ནས་ཉེ་འགྲམ་གྱི་ཐད་ཚོང་ས་ཚིགས་དང་སྒོ་རྩིས་ཚོང་ཁང་། སྟབས་བདེའི་ཚོང་ཁང་བཅས་སུ་ཅ་དངོས་ཉོས་ནས"སྒོ་འགྲམ་དུ་འཛད་སྤྱོད་བྱེད་པའི"རྣམ་པ་མངོན་འགྱུར་བྱུང་ཡོད།

    ཟླ་2ཚེས་13ཉིན། སྐུ་མགྲོན་གྱིས་ལྷ་ས་གྲོང་ཁྱེར་པེ་ཅིང་ལམ་འགྲམ་གྱི་ཤིང་འབྲས་སྐམ་པོ་འཚོང་ས་ཞིག་ནས་ཤིང་འབྲས་སྐམ་པོ་ཉོ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཟླ་2ཚེས་13ཉིན། ལས་དོན་མི་སྣས་ལྷ་ས་གྲོང་ཁྱེར་གྱི་ལོ་གསར་གྱི་མཁོ་ཆས་བྲིན་འཚོང་ས་ཚིགས་ཤིག་ལ་ཚོང་ཟོག་ཁ་གསབ་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཟླ་2ཚེས་13ཉིན། ལྷ་ས་གྲོང་ཁྱེར་གྱི་ལོ་གསར་གྱི་མཁོ་ཆས་བྲིན་འཚོང་ས་ཚིགས་ཤིག་གི་ལས་དོན་མི་སྣས་གྲོའི་སྙེ་མ་གྲལ་སྒྲིག་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཟླ་2ཚེས་13ཉིན། ལྷ་ས་གྲོང་ཁྱེར་པེ་ཅིང་ལམ་གྱི་ཚོང་ཁང་ཞིག་ཏུ་ཚོང་པས་སྔས་མགོ་གྲལ་སྒྲིག་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387918941