བོད་ལྗོངས།
བོད་ཀྱི"ཉི་འོད་གྲོང་ཁྱེར"དུ་ལོ་གསར་གྱི་གྲ་སྒྲིག་བྱེད་པ།

    ཟླ་2ཚེས་14ཉིན། ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་གི་ཚོང་དུད(གཡོན)ཀྱིས་སྐུ་མགྲོན་ཚོར་བོད་ཀྱི་ལོ་གསར་སྐབས་ཁྱིམ་དུ་མཆོད་འབུལ་དང་དེ་བཞིན་སྐུ་མགྲོན་ལ་བསུ་བ་ཞུ་བར་མཁོ་བའི་གྲོ་སོ་ཕྱེ་མར་འཚོང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར"ཉི་འོད་གྲོང་ཁྱེར"ལྷ་སར་འཚོ་སྡོད་བྱེད་མཁན་ཁག་གཅིག་གིས་དྲ་ཐོག་དང་འཕྲིན་ཕྲན་སྟེགས་བུ་བརྒྱུད་ལོ་གསར་གྱི་མཁོ་ཆས་མངགས་ཉོ་བྱེད་པ་དང་། ལ་ལས་དཔྱིད་ཀྱི་ཉི་འོད་རབ་ཏུ་འཚེར་བ་དང་འགྲོགས་ཏེ་ཁ་རས་གྱོན་ནས་གོ་རིམ་ལྡན་པའི་ངང་ཕྱི་རོལ་དུ་ལོ་གསར་གྱི་མཁོ་ཆས་ཉོ་བར་འགྲོ་བཞིན་ཡོད།

    ཟླ་2ཚེས་14ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་ཚེ་སྨོན་གླིང་སྡེ་ཁུལ་གྱི་ལས་དོན་མི་སྣས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྲད་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བརྡ་ཁྱབ་སྦྱར་རྩིས་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཟླ་2ཚེས་14ཉིན། སྐུ་མགྲོན་ཞིག་གིས་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་དུ་ལོ་ཕུད་ཉོ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387919051