བོད་ལྗོངས།
བོད་ཀྱིས་ཧུའུ་པེར་རིམས་ནད་འགོག་རྒོལ་གྱི་དངོས་ཟོག་ཁག་དང་པོ་རོགས་སྐྱོར་བྱས་པ།

    ཟླ་2ཚེས་14ཉིན། དངོས་ཟོག་དབོར་འདྲེན་བྱེད་པའི་ཆེད་སྤྱོད་མེ་འཁོར་ལྷ་ས་མེ་འཁོར་འབབ་ཚུགས་ནས་ཐོན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཉིན་དེར་བོད་ཀྱིས་ཧུའུ་པེར་རོགས་སྐྱོར་བྱེད་པའི་རིམས་ནད་འགོག་རྒོལ་གྱི་དངོས་ཟོག་ཁག་དང་པོ་དེ་མེ་འཁོར་ནང་བླུགས་གྲུབ་པ་དང་། ལྷ་ས་མེ་འཁོར་འབབ་ཚུགས་ནས་ཐོན་ཏེ་ཧུའུ་པེ་ཞིང་ཆེན་གྱི་ཧོང་ཧྲི་དང་ཧྲི་ཡན་དུ་ཐོན་ཡོད། རིན་ཐང་མ་དངུལ་སྒོར་ཁྲི་850ཟིན་པའི་འཚོ་བའི་དངོས་ཟོག་དེའི་ནང་ཚགས་ཤ་ཏུན་50དང་གཏེར་ཆུ་སྒམ་ཁྲི་16.9ཚུད་ཡོད།

    ཟླ་2ཚེས་14ཉིན། ལས་དོན་མི་སྣས་དབོར་འདྲེན་འཕྲུལ་འཁོར་བཏང་ནས་དངོས་ཟོག་དབོར་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཟླ་2ཚེས་14ཉིན། ལས་དོན་མི་སྣས་དངོས་ཟོག་བླུགས་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཟླ་2ཚེས་14ཉིན། ལས་དོན་མི་སྣས་དངོས་ཟོག་ཐོག་མཚོན་རྟགས་སྦྱོར་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    འདི་ནི་བོད་རང་སྐྱོང་ལྗོངས་ཀྱིས་ཧུའུ་པེར་རིམས་ནད་འགོག་རྒོལ་གྱི་འཚོ་བའི་དངོས་ཟོག་ཞལ་འདེབས་འབུལ་བའི་མཛད་སྒོའི་ཚོགས་ཡུལ་དངོས་ཡིན། (ཟླ་2ཚེས་14ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387919111