བོད་ལྗོངས།
སློབ་གསོའི་འཕྲིན་ལམ་གསར་སྣོན་བྱས་ནས་ཐག་རིང་ལུང་ཁུག་ཁུལ་གྱི་སློབ་མར་ཞབས་འདེགས་ཞུ་བ།

(教育)(1)新增教育频道 服务边远学子

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་རྔ་ཆེན་གྲོང་ཚོའི་སྒང་སྟོད་སྡེ་ཁུལ་དུ་གནས་པའི་ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་13གྱི་སྐལ་གཡང་དང་སྒོ་ར་གཅིག་ནང་གི་སློབ་གྲོགས་ཚོས"མཁའ་དབྱིངས་སློབ་ཁང"ཞེས་པའི་ལེ་ཚན་ལྟ་བ། (ཟླ་2ཚེས་13ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། རིམས་ནད་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་ལས་དོན་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད། རླུང་འཕྲིན་བརྙན་འཕྲིན་གྱི་ཐད་གཏོང་སྲུང་སྐར་ལས་སྟེགས་ཀྱིས་ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱི་མཁའ་དབྱིངས་སློབ་ཁང་གི་འཕྲིན་ལམ་གསར་སྣོན་བྱས་ནས་ཐད་གཏོང་སྲུང་སྐར་གྲོང་ཚོ་ཚང་མར་ཁྱབ་པར་བྱས་ཡོད། འཕྲིན་ལམ་ཐོག《མཉམ་དུ་སློབ་ཚན་འཚོག·ཐད་གཏོང་སློབ་ཚན》ཞེས་པ་བཙུགས་ཡོད་ཅིང་། སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་སློབ་ཁྲིད་ལེ་ཚན་བསྟན་ནས་རྒྱ་ཆེའི་ཐག་རིང་ལུང་ཁུག་དང་དེ་བཞིན་དྲ་རྒྱ་དར་རྒྱས་མེད་པའི་ས་ཁུལ་གྱི་ཕྲུ་གུར"སློབ་ཚན་མཚམས་བཞག་ཀྱང་སློབ་སྦྱོང་མཚམས་མི་འཇོག་པར"རོགས་རམ་བྱས་ཡོད།

(教育)(2)新增教育频道 服务边远学子

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་རྔ་ཆེན་གྲོང་ཚོའི་རླུང་འཕྲིན་བརྙན་འཕྲིན་ལག་རྩལ་པ་ཤི་ལོག་གིས་སྲུང་སྐར་གནམ་སྐུད་སྒྲིག་པ། (ཟླ་2ཚེས་13ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(教育)(3)新增教育频道 服务边远学子

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་རྔ་ཆེན་གྲོང་ཚོའི་སྒང་སྟོད་སྡེ་ཁུལ་དུ་གནས་པའི་ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་13གྱི་སྐལ་གཡང་(གཡོན)དང་སྒོ་ར་གཅིག་ནང་གི་སློབ་གྲོགས་ཚོས"མཁའ་དབྱིངས་སློབ་ཁང"ཞེས་པའི་ལེ་ཚན་ལྟ་བ། (ཟླ་2ཚེས་13ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387919181