བོད་ལྗོངས།
ལྷ་སར་ཁེ་ལས་ཀྱིས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་སླར་གསོ་བྱེད་པ།

    ཟླ་2ཚེས་17ཉིན། སྟག་རྩེ་བཟོ་ལས་གླིང་ཁུལ་གྱི་ནས་ཀྱི་བཟའ་བཅའ་ཐོན་སྐྱེད་བྱེད་པའི་ཁེ་ལས་ཤིག་གི་ལས་དོན་མི་སྣས་བཟའ་བཅའ་ལས་སྣོན་གྱི་སྒྲིག་ཆས་སྤྱོད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཉེ་ཆར་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་བཟོ་ལས་གླིང་ཁུལ་གྱི་ཁེ་ལས་ཀྱིས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་སླར་གསོ་བྱེད་པ་དང་། ཁེ་ལས་ཁག་གཅིག་གི་ཐོན་སྐྱེད་སྒྲུབ་རིམ་ཡོངས་སུ་ཁེངས་ནས་འཁོར་སྐྱོད་བྱེད་ཅིང་རིམ་བཞིན་ས་གནས་ཁག་ལ་ཐོན་རྫས་མཁོ་འདོན་བྱེད་བཞིན་ཡོད།

    ཟླ་2ཚེས་17ཉིན། སྟག་རྩེ་བཟོ་ལས་གླིང་ཁུལ་གྱི་ནས་ཀྱི་བཟའ་བཅའ་ཐོན་སྐྱེད་བྱེད་པའི་ཁེ་ལས་ཤིག་གི་ལས་དོན་མི་སྣས་ལས་སྣོན་བྱས་ཟིན་པའི་ནས་ཀྱི་ཐོན་རྫས་གྲལ་སྒྲིག་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387980111