བོད་ལྗོངས།
བོད་ཀྱི་དུག་སེལ་མཁོ་ཆས་ཐོན་སྐྱེད་ཁེ་ལས་གཅིག་པུ་དེར་བཅར་འདྲིར་བསྐྱོད་པ།

    ཟླ་2ཚེས་17ཉིན། ལས་དོན་མི་སྣས་དུག་སེལ་གཤེར་ཁུར་ཤོག་བྱང་སྦྱོར་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་གནས་པའི་བོད་ལྗོངས་ཐེན་ཧྲེང་དུག་སེལ་ཐོན་རྫས་ཚད་ཡོད་ཀུང་སི་ནི་བོད་རང་སྐྱོང་ལྗོངས་ནང་ཁོངས་ཀྱི་དུག་སེལ་མཁོ་ཆས་ཐོན་སྐྱེད་ཁེ་ལས་གཅིག་པུ་དེ་ཡིན་པ་དང་། ཉིན་རེའི་ཐོན་སྐྱེད་ཁྲོད་ཆང་བཅུད་75%ཡི་དུག་སེལ་གཤེར་ཁུ་དང་དུག་སེལ་གཤེར་ཁུ་84ཅན། ལག་པ་འཁྲུ་མི་དགོས་པའི་དུག་སེལ་གཤེར་ཁུ་སོགས་ཚུད་པའི་དུག་སེལ་གཤེར་ཁུ་རིགས་མི་འདྲ་བ་ཏུན་2ནས་3བར་ཡོད། ཐོན་སྐྱེད་བྱས་པའི་དུག་སེལ་གཤེར་ཁུ་རྣམས་དེང་སྐབས་བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་སྡོམ་འགོ་ཁྲིད་ཚོགས་ཆུང་ལ་སྤྲད་དེ་གཅིག་གྱུར་བཀོད་སྒྲིག་ཐོག་སྨན་ཁང་དང་སློབ་གྲྭ་སོགས་ལས་ཁུངས་ཀྱི་དུག་སེལ་ལས་དོན་ཐད་སྤྱོད་ཀྱི་ཡོད།

    ཟླ་2ཚེས་17ཉིན། ལས་དོན་མི་སྣས་དུག་སེལ་གཤེར་ཁུ་བླུགས་ཟིན་པའི་ཐོན་རྫས་ཀྱི་ཁ་རྒྱག་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཟླ་2ཚེས་17ཉིན། ལས་དོན་མི་སྣས་དུག་སེལ་གཤེར་ཁུ་བླུགས་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387980131