བོད་ལྗོངས།
ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ལས་གྲྭ་ཁྱོན་ཡོངས་ནས་བསྐྱར་དུ་ལས་འགོ་བཙུགས་པ།

(经济)(1)拉萨贡嘎国际机场航站区改扩建工程全面复工

    ཟླ་3ཚེས་15ཉིན། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ལས་གྲྭའི་ལས་ཡུལ་དུ་ལས་བཟོ་པས་ལས་ཡུལ་དངོས་སུ་མ་བསྐྱོད་གོང་གཟུགས་པོའི་དྲོད་ཚད་འཇལ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཉིན་དེར་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ལས་གྲྭ་ཁྱོན་ཡོངས་ནས་བསྐྱར་དུ་ལས་འགོ་བཙུགས་པ་དང་། ལས་ཡུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་གོ་རིམ་ལྡན་པའི་ངང་ལས་བཟོ་པ་བསྐྱར་དུ་ལས་འགོ་འཛུགས་པར་སྒྲིག་འཛུགས་བྱས་ཡོད།

    ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ལས་གྲྭ་ནི་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན། 1966ལོར་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་དངོས་སུ་གནམ་གྲུ་ཤར་གཏོང་ཐུབ་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་74ཤར་གཏོང་ཐུབ་ཡོད་པ་དང་། ད་ཐེངས་ཀྱི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ལས་གྲྭ་ལེགས་གྲུབ་ཟིན་རྗེས་2025ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་900དང་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་8ཟིན་པའི་དམིགས་ཚད་ཀྱི་དགོས་མཁོ་བསྐང་རྒྱུ་རེད།

    ཤེས་རྟོགས་ལ་གཞིགས་ན། འཆར་འགོད་ལྟར་ན་གནམ་ཐང་ཁུལ་གསར་པ་དེ་2020ལོར་ཆ་ཚང་ལས་མཇུག་འགྲིལ་རྒྱུ་དང་2021ལོའི་ལོ་འགོར་སྤྱོད་འགོ་ཚུགས་རྒྱུ་རེད། ད་ཐེངས་བསྐྱར་དུ་ལས་འགོ་བཙུགས་རྗེས་རྣམ་གྲངས་དེའི་གནམ་ཐང་འབབ་ཚུགས་གསར་པའི་ཤེལ་གྱི་གྱང་ངོས་སྒྲིག་སྦྱོར་དང་ལྟེ་བའི་ཁུལ་གྱི་ངར་ལྕགས་གྲུབ་ཆ་སྐྲུན་པ་སོགས་ཀྱི་ལས་དོན་སྤེལ་འགོ་བཙུགས་ནས་དུས་བཀག་ལྟར་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

(经济)(2)拉萨贡嘎国际机场航站区改扩建工程全面复工

    ཟླ་3ཚེས་15ཉིན། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ལས་གྲྭའི་ལས་ཡུལ་དུ་ལས་དོན་མི་སྣས་དུག་སེལ་གཤེར་ཁུ་གཏོར་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས། 

(经济)(3)拉萨贡嘎国际机场航站区改扩建工程全面复工

    ཟླ་3ཚེས་15ཉིན། ལས་བཟོ་པས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ལས་གྲྭའི་ལས་ཡུལ་དུ་ལས་ཀ་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(经济)(4)拉萨贡嘎国际机场航站区改扩建工程全面复工

    ཟླ་3ཚེས་15ཉིན། ལས་བཟོ་པས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ལས་གྲྭའི་ལས་ཡུལ་དུ་ལས་ཀ་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས། 

(经济)(5)拉萨贡嘎国际机场航站区改扩建工程全面复工

    ཟླ་3ཚེས་15ཉིན། ལས་བཟོ་པས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ལས་གྲྭའི་ལས་ཡུལ་དུ་ལས་ཀ་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(经济)(6)拉萨贡嘎国际机场航站区改扩建工程全面复工

    ཟླ་3ཚེས་15ཉིན། ལས་བཟོ་པས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ལས་གྲྭའི་ལས་ཡུལ་དུ་ལས་ཀ་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001388832341