བོད་ལྗོངས།
བོད་རིགས་ཀྱི“ཨ་མ”ཞིག་དང་ཁོང་གི་ཕྲུ་གུ་22

(图片故事)(1)藏族“妈妈”和她的22个孩子

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་ཕན་ཐོགས་ཀྱིས“བུ་མོར”སྐྲ་ཤད་རྒྱག་པ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། འདི་ལོ་ལོ་37ལ་སླེབས་པའི་ཕན་ཐོགས་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ནས་ཡིན། 2014ལོར་ཁོང་ཉིད་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ལས་དོན་མི་སྣར་གདན་ཞུ་བྱས་ཡོད། འོན་ཀྱང་གདན་ཞུ་བྱས་པའི་ལས་གནས་ཀྱི་མིང་ནི་དམིགས་བསལ་ཞིག་ཡིན་ཏེ“ཨ་མ”ཞེས་པ་དེ་རེད།

    “ང་ཚོས་ཕྲུ་གུ་300ཁྱིམ་ཚང་18ལ་བགོས་ནས་ལྟ་རྟོག་བྱེད་ཀྱི་ཡོད། ཁྱིམ་ཚང་རེར་འགན་ཡོངས་སུ་འཁུར་བའི‘ཨ་མ’རེ་བཀོད་སྒྲིག་བྱས་ཡོད”ཅེས་ཕན་བདེ་ཁང་གི་ཡོན་ཀྲང་ནོར་བུ་སྒྲོལ་མས་བརྗོད། ཁོང་གིས་ཕན་བདེ་ཁང་དུ་ཡོད་པའི་ཕྲུ་གུ་ཚང་མ་ནི་ཕ་མ་གཉིས་ཀ་མེད་པའི་ཕྲུ་གུ་ཤ་སྟག་རེད། མིག་སྔར་ཕྲུ་གུ་ཆུང་ཤོས་ནི་ཟླ་བ་གསུམ་ཙམ་ཡིན་པ་དང་ཆེ་ཤོས་ནི་ལོ་རིམ་བཞི་པ་ཡིན། གལ་ཏེ་ཕྲུ་གུ་ཞིག་ལ་མུ་མཐུད་ཟབ་སྦྱོང་བྱེད་པའི་འདོད་པ་ཡོད་ཚེ་ཕན་བདེ་ཁང་ནས་ཁོ་ཚོ་སྤྱི་ཚོགས་སྟེང་མ་བསྐྱོད་བར་སློབ་ཡོན་འགན་འཁུར་རྒྱུ་ཡིན་ཞེས་བརྗོད།

    2015ལོའི་ལོ་འགོར་ཕན་ཐོགས་ཀྱིས་ཁྱིམ་ཚང་ཨང་10པའི་ཕྲུ་གུ་22ཀྱི“ཨ་མའི”འགན་འཁུར་ཡོད། ཁོང་དང་ཕྲུ་གུ་ཚོ་ཁང་མིག་བཞི་དང་ཚོམས་ཆེན་གཅིག་ཡོད་པའི་སྤྱི་ཞག་ནང་སྡོད་ཀྱི་ཡོད་པ་དང་། སྤྱི་ཤག་རེ་རེའི་ཁང་མིག་གཅིག་ནི་ཟ་ཁང་ཡིན་པ་དང་ཁང་མིག་གསུམ་ནི་ཉལ་ཁང་རེད། ཚོམས་ཆེན་ནང་འབོལ་གདན་དང་བརྙན་འཕྲིན། འཁྱགས་སྒམ་སོགས་ཁྱིམ་ཆས་ཆ་ཚང་བཀོད་སྒྲིག་བྱས་ཡོད་པ་དང་། སྒྲིག་སྟངས་ནི་ཕན་ཐོགས་རང་ཉིད་ཀྱིས་ཇུས་འགོད་བྱས་ཡོད། ཕྲུ་གུ་ཚོས་སྲིད་གཞུང་གིས་གཏོང་སྤྲོད་བྱས་པའི་གཞི་རྩའི་འཚོ་བའི་འགྲོ་གྲོན་ལོངས་སྤྱོད་བྱེད་པ་དང་། ཕན་ཐོགས་ནས་ཟས་གོས་སྡོད་གསུམ་གྱི་འགྲོ་སོང་འཆར་གཞི་དང་བཀོད་སྒྲིག་བྱེད་ཀྱི་ཡོད།

    མིག་སྔར། བོད་དུ་ཁྱོན་བྱིས་པའི་ཕན་བདེ་ཁང་11ཡོད་པ་ཚང་མ་གཅིག་གྱུར་གྱི་ཚད་གཞིར་གཞིགས་ནས་བསྐྲུན་པ་དང་། བྱིས་པ་རེ་རེས་ཟླ་བ་རེར་སྒོར་1000ནས་སྒོར་1350བར་གྱི་འཚོ་བའི་གྲོན་དངུལ་ལོངས་སྤྱོད་བྱེད་ཐུབ་པ་མ་ཟད་སློབ་སྔོན་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་ཀྱི་ཡོད།

(图片故事)(2)藏族“妈妈”和她的22个孩子

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་ཕན་ཐོགས(གཡས) ཀྱིས་ཉལ་ཁྲིའི་ཐོག་གི་ཅ་ལག་བསྡུ་གསོག་རྒྱག་པ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(图片故事)(3)藏族“妈妈”和她的22个孩子

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་ཕན་ཐོགས(གཡས) ཀྱིས་ཕྲུ་གུའི་སློབ་སྦྱོང་ལ་ལྟ་སྐུལ་བྱེད་པ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(图片故事)(4)藏族“妈妈”和她的22个孩子

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་ཕན་ཐོགས(མདུན་གྲལ་གཡོན་གྱི་གཉིས་པ) དང་ཕྲུ་གུ་ཚོས་འདྲ་པར་མཉམ་དུ་ལེན་པ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས། 

(图片故事)(5)藏族“妈妈”和她的22个孩子

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་ཕན་ཐོགས་ཀྱིས་སྤགས་གཡོ་བ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(图片故事)(6)藏族“妈妈”和她的22个孩子

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་ཕྲུ་གུ་ཚོས་བརྙན་འཕྲིན་ལྟ་བ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས། 

(图片故事)(7)藏族“妈妈”和她的22个孩子

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་ཕན་ཐོགས(གཡས་ཀྱི་བཞི་པ) དང་ཕྲུ་གུ་ཚོས་འདྲ་པར་མཉམ་དུ་ལེན་པ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས། 

(图片故事)(8)藏族“妈妈”和她的22个孩子

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་བསྐམས་པའི་ལྷམ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(图片故事)(9)藏族“妈妈”和她的22个孩子

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་སྒྲོག་ཙེའི་སྟེང་ཤིང་ཏོག་དང་ཞོར་ཟས་ཁེངས་པ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(图片故事)(10)藏族“妈妈”和她的22个孩子

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་ཕན་ཐོགས་ཀྱིས“བུ་མོའི”ཐོད་པར་ཁ་སྐྱེལ་བ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(图片故事)(11)藏族“妈妈”和她的22个孩子

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་ཕན་ཐོགས(མདུན) དང་ཕྲུ་གུ་ཚོས་འདྲ་པར་མཉམ་དུ་ལེན་པ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(图片故事)(12)藏族“妈妈”和她的22个孩子

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་དུ་ཕན་ཐོགས(གཡོན་གྱི་བཞི་པ)དང་ཕྲུ་གུ་ཚོས་ཁྱིམ་ཚང་གི་པར་དེབ་ལྟ་བ། (ཟླ་3ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001388838291