བོད་ལྗོངས།
བོད་ལྗོངས་མཛེས་རྩལ་ཁང་སྐྲུན་འགོ་ཚུགས་པ།

(社会)(1)西藏美术馆开工建设

    ཟླ་3ཚེས་23ཉིན་པར་ལེན་བྱས་པའི་བོད་ལྗོངས་མཛེས་རྩལ་ཁང་གི་ཨར་སྐྲུན་ལས་ཡུལ་དངོས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། དེ་ཉིན་བོད་ལྗོངས་མཛེས་རྩལ་ཁང་གི་འཛུགས་སྐྲུན་རྣམ་གྲངས་དེ་སྔའི་ལྷ་སའི་ཨར་འདམ་བཟོ་གྲྭའི་གནས་རྙིང་པར་དངོས་སུ་ལས་འགོ་ཚུགས་ཡོད། བོད་ལྗོངས་མཛེས་རྩལ་ཁང་ནི་བོད་རང་སྐྱོང་ལྗོངས་རིམ་པའི་མཛེས་རྩལ་ཁང་ཞིག་ཡིན་པ་དང་རྣམ་གྲངས་སྐྲུན་སྐབས་རྒྱལ་ཁབ་ཀྱི་གཙོ་གནད་མཛེས་རྩལ་ཁང་དམིགས་ཚད་དུ་བཟུང་ནས་བསྡུ་ཉར་དང་འགྲེམས་སྟོན། ཞིབ་འཇུག སྤེལ་རེས། སློབ་གསོ། ཁྱབ་གདལ་སོགས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་དང་རྒྱལ་སྤྱི་ཅན། གྲངས་འཛིན་ཅན་བཅས་ཀྱི་ཕྱོགས་བསྡུས་མཛེས་རྩལ་ཁང་ཆེ་གྲས་སྐྲུན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།

(社会)(2)西藏美术馆开工建设

    ཟླ་3ཚེས་23ཉིན། བོད་ལྗོངས་མཛེས་རྩལ་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་སྐྲུན་མི་སྣས་ཇུས་འགོད་དཔེ་རིས་ངོ་སྤྲོད་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

(社会)(3)西藏美术馆开工建设

    འདི་ནི་བོད་ལྗོངས་མཛེས་རྩལ་ཁང་ཨར་སྐྲུན་གྲུབ་རྗེས་ཀྱི་གསལ་རིས་ཡིན། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001389083361