བོད་ལྗོངས།
ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ཕུག་ལམ་47ཚང་མ་ཏལ་འབིགས་ཐུབ་པ།

(经济)(1)川藏铁路拉林段47座隧道全部贯通

    ཟླ་4ཚེས་7ཉིན། ཨར་ལས་མི་སྣས་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་སྨན་གླིང་ཕུག་ལམ་ཏལ་འབིགས་ཐུབ་པར་རྟེན་འབྲེལ་ཞུ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། དེ་ཉིན། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་སྨན་གླིང་ཕུག་ལམ་དང་གཙང་ཁ་ཕུག་ལམ་ཏལ་འབིགས་ཐུབ་ཡོད། འདི་ནས་བཟུང་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ལམ་ཐིག་ཧྲིལ་པོའི་ཐོག་རིང་ཚད་སྤྱི་ལེ་216.5ཟིན་པའི་ཕུག་ལམ་47ཚང་མ་ཏལ་འབིགས་ཐུབ་ཡོད། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ལྕགས་ལམ་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ཡིན་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ་435ཙམ་ཡོད་ཅིང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཇུས་འགོད་བྱས་ཡོད། སྔོན་དཔག་བྱས་ན་2020ལོའི་ལོ་མཇུག་སྐབས་ལྕགས་ལམ་ཧྲིལ་པོ་བཏིང་ཚར་ཐུབ་པ་དང་2021ལོར་ཤར་གཏོང་གཉེར་འགོ་འཛུགས་རྒྱུ་རེད།

(经济)(2)川藏铁路拉林段47座隧道全部贯通

    ཟླ་4ཚེས་7ཉིན་པར་ལེན་བྱས་པའི་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་སྨན་གླིང་ཕུག་ལམ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(经济)(3)川藏铁路拉林段47座隧道全部贯通

    ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་གཙང་ཁ་ཕུག་ལམ་ནས་ཆུ་འབུད་པ། (ཟླ་4ཚེས་7ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001389546131