བོད་ལྗོངས།
སྐལ་རྡོར་ཁྱིམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།

(图片故事)(1)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐལ་རྡོར(རྒྱབ་ཀྱི་གཡོན)དང་ཁོང་གི་བཟའ་ཟླ། དེ་བཞིན་བུ་གཉིས་བཅས་ཀྱིས་སྦྲ་གུར་ཇ་ཁང་མདུན་དུ་མཉམ་པར་ལེན་པ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་ཟླ་གཉིས་པའི་ཟླ་མཇུག་གི་སྐབས་འདིར་གངས་ལྗོངས་ས་མཐོར་དཔྱིད་དཔལ་རབ་ཏུ་བཞད། ལོ་34ལ་སླེབས་པའི་སྐལ་རྡོར་དང་ཁོང་གི་བཟའ་ཟླས་ཞོགས་ཟས་བཟས་རྗེས་རང་ཁྱིམ་གྱི་སྦྲ་གུར་ཇ་ཁང་དུ་ཡོང་ནས་ཉིན་གཅིག་གི་ལས་བྲེལ་འགོ་བཙུགས་ཡོད། སྐལ་རྡོར་གྱི་ཕ་ཡུལ་ནི་བྱང་ཐང་གི་ཐག་རིང་འབྲོག་ཁུལ་ཡིན་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སེའུ་ཤང་ཡིན། 2019ལོའི་ལོ་མཇུག་སྐབས་སྲིད་གཞུང་གིས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པའི་ནག་ཆུ་གྲོང་ཁྱེར་གྱི་ཨ་མདོ་རྫོང་དང་མཚོ་གཉིས་རྫོང་ལ་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱས་པ་དང་། སྐལ་རྡོར་གྱི་ཁྱིམ་ཚང་ས་བབ་མཐོ་ཚད་སྨི་4800ལས་བརྒལ་བའི་ཨ་མདོ་རྫོང་སེའུ་ཤང་ནས་ཁ་བྲལ་ཏེ་ལེ་དབར་སྟོང་གི་སར་གནས་པའི་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་སྲིན་པོ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་གནས་སྤོས་བྱས་ཡོད།

    སྐལ་རྡོར་ནི་སྤྱང་གྲུང་ལྡན་ལ་བརྩོན་འགྲུས་ཆེ་བའི་འཇོན་ཐང་ཅན་ཞིག་ཡིན། དེ་སྔོན་ས་ཁོངས་འཕེལ་རྒྱས་ཀྱི་ཚོད་འཛིན་ཕོག་པའི་དབང་གིས་སྐལ་རྡོར་གྱི་ཁྱིམ་ཚང་ནི་ཕྱུགས་འཚོར་བརྟེན་པ་དང་ད་དུང་ཚོང་ཁང་ཆུང་ཆུང་ཞིག་ཀྱང་བཙུགས་ཡོད། འོན་ཀྱང་ཇི་ལྟར་ལས་རུང་ཕྱུག་པོར་གྱུར་མེད། ཁྱིམ་གཞིས་གསར་པར་སླེབས་རྗེས་བཀོད་སྒྲིག་ས་ཚིགས་ཀྱི་མཐའ་འཁོར་དུ་ཁྲོམ་ར་དང་སྨན་ཁང་། སློབ་གྲྭ་སོགས་གང་དགོས་ཚང་མ་འཛོམས་ཡོད་པ་དང་འགྲིམ་འགྲུལ་སྟབས་བདེ་པོ་ཡོད། སྐལ་རྡོར་གྱིས་བཟའ་ཟླ་དང་གྲོས་བསྡུར་བྱས་རྗེས་བཀོད་སྒྲིག་ས་ཚིགས་སུ་སྦྲ་གུར་ཇ་ཁང་ཞིག་བཙུགས།

    སྐལ་རྡོར་གྱིས་ཇ་ཁང་གཉེར་བའི་འཚོ་བ་ནི་སྟབས་བདེ་ལ་རང་དབང་ཆེ་བ་དང་། གལ་ཆེ་ཤོས་ནི་ནང་མི་ཚང་མ་མཉམ་དུ་སྡོད་རྒྱུ་བྱུང་བ་དེ་རེད་ཅེས་བརྗོད།

    ད་ཆ་བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་རྣམས་ཇ་ཁང་དུ་འཛོམས་རྒྱུར་དགའ་པོ་ཡོད་པས་སྐལ་རྡོར་གྱི་སྦྲ་གུར་ཇ་ཁང་དེའི་ཚོང་ཡག་པོ་ཡོད། དེའི་ཁར་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཡོང་འབབ་བསྣན་པས་སྐལ་རྡོར་གྱི་ཁྱིམ་ཚང་གི་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད།

    ངལ་རྩོལ་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་མན་ངག་ལྟ་བུ་རེད། སྲིན་བུ་རི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐལ་རྡོར་གྱི་ཁྱིམ་ཚང་དང་འདྲ་བར་ནག་ཆུ་གྲོང་ཁྱེར་གྱི་ཨ་མདོ་རྫོང་དང་མཚོ་གཉིས་རྫོང་ནས་གནས་སྤོས་པའི་མང་ཚོགས་4000ལྷག་ཙམ་གྱིས་མི་ཚེའི་གནས་སྤོས་བྱས་ནས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་ཡོད།

(图片故事)(2)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐལ་རྡོར(གཡས)དང་ཁོང་གི་བཟའ་ཟླས་རང་ཁྱིམ་ནས་བཟོས་པའི་ཇ་བསྲུབས་མ་སྟོན་པ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས། 

(图片故事)(3)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐལ་རྡོར་དང་ནང་མི་སྦྲ་གུར་ཇ་ཁང་ཕྱོགས་སུ་སྐྱོད་པ། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(图片故事)(4)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐལ་རྡོར(གཡོན)གྱིས་རང་གི་ཕྲུ་གུར་སྤགས་གཡོ་སྟངས་སློབ་པ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(图片故事)(5)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐལ་རྡོར་གྱི་བཟའ་ཟླས་སྦྲ་གུར་ཇ་ཁང་གི་ལས་ལ་བྲེལ་བ། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(图片故事)(6)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐལ་རྡོར་གྱི་བཟའ་ཟླས་རང་ཁྱིམ་གྱིས་གཉེར་བའི་སྦྲ་གུར་ཇ་ཁང་ནང་ལས་ལ་བྲེལ་བ། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(图片故事)(7)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐལ་རྡོར་གྱི་ནང་མི་རྣམས་སྦྲ་གུར་ཇ་ཁང་ནང་ཁ་ལག་ཟ་བ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(图片故事)(8)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐུ་མགྲོན་གྱིས་སྦྲ་གུར་ཇ་ཁང་ནང་ཁ་ལག་ཟ་བ་དང་། སྐལ་རྡོར་གྱི་བུ་ཆུང་བ་ཕུར་བུ་རྡོ་རྗེ་སྦྲ་གུར་ཇ་ཁང་ནང་རྩེད་མོ་རྩེ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(图片故事)(9)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྦྲ་གུར་ཇ་ཁང་ནང་ངལ་གསོ་བའི་སྐལ་རྡོར་གྱི་བུ་ཆེ་བ་བཀྲ་ཤིས་ཉི་མ(མདུན)དང་བུ་ཆུང་བ་ཕུར་བུ་རྡོ་རྗེ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(图片故事)(10)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐལ་རྡོར(གཡོན)གྱིས་རང་ཁྱིམ་གྱི་སྦྲ་གུར་ཇ་ཁང་ནང་སྐུ་མགྲོན་ལ་བུལ་ཐུག་སྐྱེལ་བ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(图片故事)(11)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐལ་རྡོར་གྱི་བཟའ་ཟླས་སྦྲ་གུར་ཇ་ཁང་ནང་གཙང་སྦྲ་བྱེད་པ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(图片故事)(12)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐལ་རྡོར་གྱི་ནང་མི་སྦྲ་གུར་ཇ་ཁང་ནང་ལས་ལ་བྲེལ་བ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(图片故事)(13)格多和洛巴的“甜蜜人生”

    སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་སྐལ་རྡོར་གྱི་བུ་ཆེ་བ་བཀྲ་ཤིས་ཉི་མ་དང་བུ་ཆུང་བ་ཕུར་བུ་རྡོ་རྗེས(གཡས)སྦྲ་གུར་ཇ་ཁང་མདུན་དུ་རྩེད་མོ་རྩེ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001390015211